欢迎访问中国律师网!

咨询热线 023-8825-6629

不起诉决定书(根某某、索某某故意伤害案)_贡觉县人民检察院

2021-09-25 独角龙 评论0

贡觉县人民检察院

不起诉决定书

贡检公刑不诉〔2020〕1号

被不起诉人根某某,男,1994年**月**日出生,居民身份证号码5421231994********,藏族,初中文化,无业,户籍所在地西藏自治区昌都市贡觉县,住贡觉县**街**号,因涉嫌故意伤害罪,经贡觉县公安局决定,于2019年11月8日被贡觉县公安局取保候审。

被不起诉人索某某,男,1984年**月**日出生,居民身份证号码5421231984********,藏族,小学文化,无业,户籍所在地西藏自治区昌都市贡觉县,住**乡**村,因涉嫌故意伤害罪,经贡觉县公安局决定,于2019年11月8日被贡觉县公安局取保候审。

本案由贡觉县公安局侦查终结,以被不起诉人根某某、索某某涉嫌故意伤害罪,于2019年12月26日向本院移送审查起诉。本院受理后,依照刑事诉讼法的有关规定,于2019年12月27日告知被不起诉人依法享有的诉讼权利,已依法讯问被不起诉人,并审阅了全部案件材料,核实了案件事实与证据。

经本院依法审查查明:2019年8月23日凌晨1时许,被不起诉人索某某与被不起诉人根某某因琐事发生打斗。2019年8月25日13时许,二人在贡觉县“环宇大酒店”门口的马路上相遇,根某某质问索某某8月23日凌晨1点左右打他的原因,随后,两人拿出随身携带的藏刀互砍。致使根某某左侧手臂、胸部等多处损伤,索某某左侧胸背部一处损伤,贡觉县公安局民警接报后抵达案发现场后将两人抓获。经鉴定二人损伤程度为轻伤二级。

本院认为,被不起诉人根某某、索某某故意伤害他人身体,致他人轻伤,其行为触犯了《中华人民共和国刑法》第二百三十四条规定,犯罪事实清楚,证据确实、充分,犯罪后如实供述自己的行为,具有坦白情节,自愿认罪认罚,犯罪情节轻微,并达成刑事和解,根据《中华人民共和国刑法》第三十七条的规定,不需要判处刑罚。依据《中华人民共和国刑事诉讼法》第一百七十七条第二款的规定,决定对根某某、索某某不起诉。

被不起诉人如不服本决定,可以自收到本决定书后七日内向本院申诉。

2020年1月9日

གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་

ཞུ་གཏུག་མི་བྱེད་པའི་ཆོད་ཡིག

གོ་ཞིབ་གཞུང་ཉེས་མི་གཏུག་【༢༠༢༠】ཡིག་ཨང་༡

ཞུ་གཏུག་མི་ཕོག་མཁན་ཀུན་ཆེ་གེ་མོ། སྐྱེས་པ། སྤྱི་ལོ་༡༩༩༤ཟླ་**ཚེས་**ཉིན་སྐྱེས། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས།༥༤༢༡༢༣༡༩༩༤******** བོད་རིགས། སློབ་འབྲིང་རིག་གནས། ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། སྡོད་གནས་ནི་གོ་འཇོ་རྫོང་**ཁྲོམ་གཞུང་སྒོ་རྟགས་** རྐང་བཙུག་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་པ་ཡོད་རྐྱེན། གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཐག་གཅོད་རྒྱུད། སྤྱི་ལོ་༢༠༡༩ཟླ་༡༡ཚེས་༨ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཁག་ཁྱེར་བཀའ་སྒུག་བྱས།

ཞུ་གཏུག་མི་ཕོག་མཁན་བསོད་ཆེ་གེ་མོ། སྐྱེས་པ། སྤྱི་ལོ་༡༩༨༤ཟླ་**ཚེས་**ཉིན་སྐྱེས། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས།༥༤༢༡༢༣༡༩༨༤******** བོད་རིགས། སློབ་ཆུང་རིག་གནས། ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། སྡོད་གནས་ནི་**ཤང་**གྲོང་ཚོ། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་པ་ཡོད་རྐྱེན། གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཐག་གཅོད་རྒྱུད། སྤྱི་ལོ་༢༠༡༩ཟླ་༡༡ཚེས་༨ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཁག་ཁྱེར་བཀའ་སྒུག་བྱས།

གྱོད་གཞི་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་རྗེས། ཞུ་གཏུག་མི་ཕོག་མཁན་ཀུན་ཆེ་གེ་མོ་དང་བསོད་ཆེ་གེ་མོ་གཉིས་རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་པས། སྤྱི་ལོ་༢༠༡༩ཟླ་༡༢ཚེས་༢༦ཉིན་ངེད་ཁང་དུ་གཞུང་གཏུག་བྱེད་པར་སྤོ་སྐྱེལ་བྱས། ངེད་ཁང་གི་གྱོད་གཞི་བདག་སྤྲོད་བྱས་རྗེས། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཕབ་གཞིར་བཟུང་། སྤྱི་ལོ་༢༠༡༩ཟླ་༡༢ཚེས་༢༧ཉིན་ཞུ་གཏུག་མི་ཕོག་མཁན་ལ་བཅའ་ཁྲིམས་གཏན་ཕབ་གཞིར་བཟུང་གཏུག་བཤེར་དབང་ཆ་བརྗོད་ཡོད། ཞུ་གཏུག་མི་ཕོག་མཁན་ལ་འདྲི་ཞིབ་བྱས་ཡོད། གྱོད་གཞིའི་དཔྱད་གཞི་ཡོངས་ལ་ཞིབ་བཤེར་བྱས་ཡོད། གྱོད་གཞིའི་དོན་དངོས་དང་དཔང་རྟགས་ལ་དབྱེ་ཞིབ་བྱས་ཡོད།

ཁྲིམས་ལྟར་རྟག་དཔྱད་ཞིབ་དཔྱད་རྒྱུད་ཤེས་གསལ། སྤྱི་ལོ་༢༠༡༩ལོའི་ཟླ་༨ཚེས་༢༣ཉིན་ཐོ་རེངས་ཆུ་ཚོད་༡གཡས་གཡོན་དུ། ཞུ་གཏུག་མི་ཕོག་མཁན་བསོད་ཆེ་གེ་མོ་དང་ཞུ་གཏུག་མི་ཕོག་མཁན་ཀུན་ཆེ་གེ་མོ་དོན་དག་ཙག་ཙིག་གིས་རྐྱེན་བྱས་ནས་རྒྱག་རེས་རྒྱབ་ཡོད། སྤྱི་ལོ་༢༠༡༩ལོའི་ཟླ་༨ཚེས་༢༥ཉིན་ཆུ་ཚོད་༡༣ཐོག། གོ་འཇོ་རྫོང་“ཧུན་ཡོན་ཨར་ཁང་”གི་སྒོ་འགྲམ་གྱི་གཞུང་ལམ་ཐོག་ཞུ་གཏུག་མི་ཕོག་མཁན་གཉིས་ཐུག་འཕྲད་བྱུང་བས། ཀུན་ཆེ་གེ་མོས་བསོད་ཆེ་གེ་མོར་ཟླ་༨ཚེས་༢༣ཉིན་ཐོ་རེངས་ཆུ་ཚོད་༡གཡས་གཡོན་དུ་ཀུན་ཆེ་གེ་མོ་རྡུང་དགོས་པའི་རྒྱུ་མཚན་དྲིས་ཡོད། དེའི་རྗེས་སུ་ཕན་ཚུན་གཉིས་ཀྱིས་ལུས་ཐོག་ཏུ་བཏག་ཡོད་པའི་བོད་གྲི་འདོན་ནས་ཕན་ཚུན་རྒྱབ་རེས་བྱས་ཡོད་པས་ཀུན་ཆེ་གེ་མོ་ཡི་ལག་གཡོན་པའི་ལག་ངར་དང་བྲང་ངོས་སོགས་ཁག་མང་པོར་རྨས་སྐྱོན་ཐེབས་ཡོད། བསོད་ཆེ་གེ་མོའི་གཡོན་ཕྱོགས་གི་ སུ་རྨས་སྐྱོན་ཐེབས་ཡོད། གོ་འཇོ་རྫོང་སྤྱི་བདེ་ཅུས་ཉེན་རྟོགས་མི་སྣར་སྙན་གསེང་སླེབས་རྗེས། རྒྱག་རེས་རྒྱབ་སར་ཕྱིན་ནས་མི་དེ་གཉིས་འཛིན་བཟུང་བྱས་ཡོད། ཆོད་བསྡོམས་བྱས་པ་བརྒྱུད། མི་དེ་གཉིས་ཀྱི་རྨས་སྐྱོན་དེ་རྨས་སྐྱོན་ཆུང་བ་རིམ་པ་གཉིས་པར་ཟིན་ཡོད།

ངེད་ཁང་གི་ངོས་འཛིན་ལྟར་ན། ཞུ་གཏུག་མི་ཕོག་མཁན་ཀུན་ཆེ་གེ་མོ། བསོད་ཆེ་གེ་མོས་རྐང་བཙུགས་ནས་མི་གཞན་གྱི་ལུས་པོར་གནོད་འཚེ་བཏང་བས། མི་གཞན་རྨས་སྐྱོན་ཆུང་བའི་མཇུག་འབྲས་ཐོན་ཡོད། ཞུ་གཏུག་མི་ཕོག་མཁན་གཉིས་ཀྱི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》 དོན་ཚན་ཉི་བརྒྱ་སུམ་བཅུ་སོ་བཞིའི་གཏན་ཕབ་གཞིར་བཟུང་། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་ཡིན། ཉེས་པ་གསག་རྗེས་རང་ཉིད་ཉེས་གསག་དོན་དངོས་དྲང་པོར་བརྗོད་པས་དྲང་པོར་བརྗོད་པའི་ཁོངས་སུ་གཏོགས། རང་མོས་ངང་ནག་ཉེས་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་ཡོད། ཉེས་གསག་རྣམ་པ་ཅུང་ཆུང་བས་ཉེས་དོན་འདུམ་འགྲིག་བྱས་ཟིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་སུམ་བཅུ་སོ་བདུན་གྱི་གཏན་ཕབ་གཞིར་བཟུང་། ཉེས་ཁྲིམས་ཆད་པ་གཅོད་དགོས་མེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས།》དོན་ཚན་བརྒྱ་དང་བདུན་བཅུ་དོན་བདུན་གྱི་ནང་གསེས་གཉིས་པའི་གཏན་ཕབ་གཞིར་བཟུང་། ཀུན་ཆེ་གེ་མོ་དང་བསོད་ཆེ་གེ་མོ་གཉིས་ལ་ཞུ་གཏུག་མི་བྱེད་པའི་གྲོས་ཐག་བཅད་རྒྱུ།

ཞུ་གཏུག་མི་ཕོག་མཁན་གྱིས་ཆོད་ཡིག་དེར་བློ་མ་བབས་ཚེ། ཆོད་ཡིག་འདི་ལག་འབྱོར་ཐུབ་པའི་ཉིན་བདུན་ནང་ཚུད་དུ་ངེད་ཁང་ཏུ་བསྐྱར་གཏུག་བྱས་ན་ཆོག།

སྤྱི་ལོ་༢༠༡༠ལོའི་ཟླ་༡ཚེས་༩ཉིན།

评论

成为第一个评论者

发表评论

评论

你的邮件地址不会公开. *表示必填

Top