贡觉县人民检察院
不起诉决定书
贡检公刑不诉〔2020〕2号
被不起诉人牛某某,男,1978年**月**日出生,身份证号码5421231978********,藏族,文盲,户籍所在地西藏自治区昌都市贡觉县,住贡觉县**街,因涉嫌故意伤害罪,经贡觉县公安局决定,于2020年1月22日被贡觉县公安局取保候审。
值班律师徐浩,贡觉县司法局法律援助中心律师。
本案由贡觉县公安局侦查终结,以被不起诉人牛某某涉嫌故意伤害罪,于2020年2月17日向本院移送审查起诉,本院受理后,于2020年2月18日告知被不起诉人有关委托辩护人,2020年2月27日已告知被不起诉人认罪认罚可能导致的法律后果,于2020年2月18日告知被害人有权委托诉讼代理人,依法讯问了被不起诉人,听取了被不起诉人及其值班律师、被害人的意见,审查了全部案件材料。被不起诉人同意本院对本案适用认罪认罚从宽制度决定不起诉。
经本院依法审查查明:2019年11月1日22时许,被害人布某某及其朋友仁某某、顿某某到位于贡觉县贡桑西路雪域欢乐茶馆饮酒,饮酒至11月2日3时许,被害人布某某与在此饮酒的被不起诉人牛某某谈话时两人酒后话不投机故而发生口角,被在场的仁某某等人劝开后将布某某带出该茶馆往彩虹桥方向行走时,布某某执意要往回走,走到该茶馆门口时,再次与被不起诉人牛某某相遇,两人发生拉扯,牛某某就地捡起瓷碗向布某某的脸部砸了一下,致使布某某的左耳朵受伤,被在场的仁某某、索某某劝开后将布某某送至博康诊所欲处理伤口时被民警发现。
经鉴定,被害人布某某的耳布伤势程度为轻伤二级。
被不起诉人牛某某于2019年11月3日经民警电传传唤后主动到案,归案后,对其犯罪事实供认不讳。
本院认为,牛某某实施了《中华人民共和国刑法》第二百三十四条第一款之规定的行为,但犯罪情节轻微,具有自首和刑事和解的法定从轻情节,因自愿如实供述涉嫌犯罪的事实,根据《中华人民共和国刑法》第三十七条、第六十七条第一款的规定,不需要判处刑罚。依据《中华人民共和国刑事诉讼法》第一百七十七条第二款的规定,决定对牛某某不起诉。
被不起诉人如不服本决定,可以自收到本决定书后七日内向本院申诉。
被害人如不服本决定,可以自收到本决定书后七日以内向昌都市人民检察院申诉,请求提起公诉;也可以不经申诉,直接向贡觉县人民法院提起自诉。
贡觉县人民检察院
2020年3月1日
གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་
ཞུ་གཏུག་མི་བྱེད་པའི་ཆོད་ཡིག་
གོ་ཞིབ་གཞུང་ཉེས་མ་གཏུག་ 【2020】ཡིག་ཨང་2པ།
ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ། ཕོ། 1978ལོའི་ཟླ་*** ཚེས་***སྐྱེས་། ཐོབ་ཐང་ལག་ཁྱེར་ཨང་གྲངས་5421231978***** བོད་རིགས། ཡིག་རྨོངས་པ། ཐེམ་ཐོ་ཡོད་སའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། གོ་འཇོ་རྫོང་***ལམ་དུ་བསྡད་ཡོད། གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་2020ལོའི་ཟླ་1ཚེས་22ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ལས་རེས་ཁྲིམས་རྩོད་པ་ཞུས་ཧའོ་དང་། གོ་འཇོ་རྫོང་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པ་རེད།
གྱོད་དོན་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་བ་རེད། ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་ཤེས་བཞིན་དུ་མི་རྨས་སྐྱོན་བཏང་བའི་བྱས་ཉེས་བསགས་པས། 2020ལོའི་ཟླ་2ཚེས་17ཉིན་ངེད་ཁང་ལ་འདྲི་ཞིབ་ཁྲིམས་སྦྱོར་བྱ་རྒྱུར་བསྐྱལ་ཡོད། ངེད་ཁང་གིས་བདག་སྤྲོད་བྱས་རྗེས། 2020ལོའི་ཟླ་2ཚེས་18ཉིན་ ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་འབྲེལ་ཡོད་མངགས་བཅོལ་དག་འབུད་བྱེད་མཁན་ལ་གསལ་བཤད་བྱ་རྒྱུ་དང་། 2020ལོའི་ཟླ་2ཚེས་27ཉིན་ ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་བྱས་ཉེས་ངོས་ལེན་དང་ཉེས་ཆད་གཅོད་རྒྱུ་ཁས་ལེན་བྱས་པ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་བྱ་རྒྱུ། 2020ལོའི་ཟླ་2ཚེས་18ཉིན་གནོད་འཚེ་ཕོག་མཁན་ལ་གཏུག་བཤེར་ངོ་ཚབ་མངགས་བཅོལ་བྱེད་དབང་ཡོད་ལུགས་གསལ་བཤད་བྱ་དགོས། ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་ཁྲིམས་ལྟར་འདྲི་རྩད་བྱས་པ་དང་ ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་དང་དེའི་ལས་རེས་ཁྲིམས་རྩོད་པ་དང་གནོད་འཚེ་ཕོག་མཁན་བཅས་ཀྱི་བསམ་འཆར་ཉན་འཇོག་བྱས་ཡོད། གྱོད་དོན་གྱི་ཡིག་ཆ་ཡོངས་རྫོགས་ལ་ཞིབ་བཤེར་བྱས། ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་ངེད་ཁང་གིས་གྱོད་དོན་འདི་ལ་རང་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱས་ན་གུ་ཡངས་གཏོང་བའི་ལམ་ལུགས་སྤྱད་དེ་ཞུ་གཏུག་མི་བྱེད་པའི་ཐག་བཅད་འཐད་པ་བྱུང་།
ངེད་ཁང་གིས་ཁྲིམས་ལྟར་ཞིབ་བཤེར་བྱས་ནས་རྩད་ཆོད་བྱུང་བ་ལྟར་ན། 2019ལོའི་ཟླ་11ཚེས་1ཉིན་གྱི་ཆུ་ཚོད་22ཙམ་ལ། གནོད་འཚེ་ཕོག་མཁན་བུ་ཆེ་གེ་མོ་དང་གྲོགས་པོ་རེན་ཆེ་གེ་མོ་དང་དོན་ཆེ་གེ་མོ་གཉིས་གོ་འཇོ་རྫོང་ཀུན་བཟང་ནུབ་ལམ་གྱི་གངས་ལྗོངས་ཇ་ཁང་དུ་ཆང་རག་བཏུང་བར་ཡོང་། ཆང་འཐུང་ནས་ཟླ་11པའི་ཚེས་2ཉིན་གྱི་ཆུ་ཚོད་3པའི་བར། གནོད་འཚེ་ཕོག་མཁན་བུ་ཆེ་གེ་མོས་དེ་གར་ཆང་བཏུངས་མཁན་ཉིའུ་ཆེ་གེ་མོའི་ཁ་བརྡ་བྱེད་སྐབས་མི་གཉིས་ཀྱིས་ཆང་འཐུང་རྗེས་སྐད་ཆ་བཤད་མ་ཐུབ་པར་ཁ་མཆུ་ཤོར་ནས་དེ་གར་ཡོད་པའི་རེན་ཆེ་གེ་མོ་སོགས་ཀྱིས་ཁ་ཏ་བསླབ་བྱ་བྱས་རྗེས་བུ་ཆེ་གེ་མོས་ཇ་ཁང་ཕྱིར་ལ་ཁྲིད་དེ་འཇའ་ཚོན་ཟམ་པའི་ཕྱོགས་སུ་འགྲོ་སྐབས། བུ་ཆེ་གེ་མོས་ཨུ་ཚུགས་ངང་ཕྱིར་འགྲོ་དགོས། ཇ་ཁང་དེའི་སྒོ་ཁར་དུ་སླེབས་དུས། ཡང་བསྐྱར་ཁྲིམས་ལ་མི་སྦྱོར་བའི་མི་་ ཉིའུ་ཆེ་གེ་མོ་དང་འཕྲད། ཁོ་གཉིས་ལྐོག་ལྐོག་སུད་སུད་བྱུང་། ཉིའུ་ཆེ་གེ་མོས་ས་དེ་ནས་དཀར་ཡོལ་བླངས་ནས་བུ་ཆེ་གེ་མོའི་ངོ་ལ་རྡུང་ཙམ་བྱས་པས། བུ་ཆེ་གེ་མོའི་རྣ་བ་གཡོན་པ་རྨས། དེ་གར་ཡོད་པའི་རེན་ཆེ་གེ་མོ་དང་སུའོ་ཆེ་གེ་མོས་ཁ་ཏ་བསླབ་བྱ་བྱས་རྗེས་བུ་ཆེ་གེ་མོས་པོ་ཁང་སྨན་ཁང་དུ་བསྐྱལ་ནས་རྨ་ཁ་ཐག་གཅོད་བྱེད་སྐབས་མི་དམངས་ཉེན་རྟོག་པས་ཤེས་སོང། གསལ་འབྱེད་བྱས་པ་བརྒྱུད་གནོད་འཚེ་ཕོག་མཁན་བུ་ཆེ་གེ་མོའི་རྣ་རས་ཀྱི་རྨས་སྐྱོན་ཕོག་ཚད་ནི་རྨས་སྐྱོན་ཆུང་བའི་རིམ་པ་གཉིས་པ་ཡིན།
ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་2019ལོའི་ཟླ་11ཚེས་3ཉིན་མི་དམངས་ཉེན་རྟོག་པས་གློག་འཕྲིན་བཏང་ནས་འབོད་འགུག་བྱས་རྗེས་རང་འགུལ་ངང་ཁྲིམས་ལ་སྦྱར་བ་རེད། ཁྲིམས་ལ་སྦྱར་རྗེས་དེའི་ཉེས་གསོག་དོན་དངོས་ངོས་ལེན་བྱས་པ་རེད།
ངེད་ཁང་གིས་ངོས་འཛིན་བྱས་དོན། ཉིའུ་ཆེ་གེ་མོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་བྱ་སྤྱོད་སྤེལ་མོད། འོན་ཀྱང་ཉེས་ཚབས་ཅུང་ཆུང་། བྱས་ཉེས་རང་ཞུ་དང་ཉེས་དོན་འདུམ་འགྲིག་གི་ཁྲིམས་བཀོད་ཡང་བཟོས་ཀྱི་གནས་ཚུལ་ཡོད། རང་མོས་ཀྱིས་ཉེས་གསོག་དོགས་གནད་ཡོད་པའི་དོན་དངོས་ཇི་བཞིན་ངོས་ལེན་ཞུས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་སོ་བདུན་པ་དང་རེ་བདུན་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། ཉེས་ཆད་གཅོད་མི་དགོས། 《ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བརྒྱ་དང་དོན་བདུན་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་གཞིར་བཟུང་སྟེ་ཉིའུ་ཆེ་གེ་མོར་ཁྲིམས་སྦྱོར་མི་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
ཞུ་གཏུག་མི་ཕོར་མཁན་ཉིའུ་ཆེ་གེ་མོ་གལ་ཏེ་ཆོད་དོན་འདི་བློར་མ་བབས་ན་ཆོད་ཡིག་འདི་འབྱོར་རྗེས་ཀྱི་ཉིན་བདུན་ནང་ཚུན་དུ་ཁྲིམས་ཁང་དེར་བསམ་འདུན་བསྐྱར་ཞུ་བྱས་ཆོག
གལ་ཏེ་གནོད་འཚེ་འཕོག་མཁན་གྱིས་ཆོད་དོན་འདི་བློར་མ་བབས།གཏན་འབེབས་ཡི་གེ་འབྱོར་རྗེས་ཀྱི་ཉིན་བདུན་ནང་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་སྦྱོར་བྱས་ནས་གཞུང་གཏུག་བྱ་རྒྱུའི་རེ་ཞུ་བྱེད་ཆོག རྒྱུ་མཚན་ཞུ་འབུལ་མ་བྱས་པར་ཐད་ཀར་གོ་འཇོ་རྫོང་མི་དམངས་ཁྲིམས་ཁང་ལ་སྒེར་གཏུག་བྱས་ཀྱང་ཆོག
གོ་འཇོ་མི་དམངས་ཞིབ་དཔྱོད་ཁང།
2020ལོའི་ཟླ་3པས་ཚེས་1ཉིན།
评论
成为第一个评论者
发表评论
评论