起 诉 书
被告人赤某某,男,1957年**月*日出生,身份证号码5421231957********,藏族,文盲,户籍所在地西藏自治区昌都市贡觉县,住**乡**村。因犯盗窃罪,于1995年2月28日被贡觉县人民法院判处有期徒刑八年,于2003年1月13日刑满释放。因涉嫌故意杀人罪(未遂),于2019年8月5日被贡觉县公安局刑事拘留,后延长至2019年9月4日。因涉嫌故意伤害罪,经贡觉县人民检察院批准,于2019年9月9日被贡觉县公安局逮捕,现羁押于昌都市看守所。
本案由贡觉县公安局侦查终结,以被告人布某某、赤某某涉嫌故意伤害罪、非法持有枪支罪,于2019年11月1日向本院移送审查起诉。本院受理后,于2019年11月2日已告知被告人有权委托辩护人,2019年11月3日已告知被害人有权委托诉讼代理人,依法讯问了被告人,听取了被害人的意见,审查了全部案件材料。 因案件重大、复杂,本院于2019年12月2日延长审查起诉期限至2019年12月16日。
经依法审查查明:2002年左右,被告人布某某家的一头耕牛被贡觉县**乡**村*仓(户名)的多某某等人盗走,事后两家私下协商未果后,由当地乡政府调解此事,给予*仓的多某某相应的处罚,*仓的人对乡政府的处理结果不满,两家再次结下矛盾。
2004年秋末,在贡觉县**乡政府旁边看电影的*仓阿某某、多某某、四某某等人与被告人布某某的哥哥松某某因“陈年旧恨”发生打斗,致松某某死亡,闻讯赶来的布某某也被*仓的阿某某等人砍伤。事后,*仓的男子均潜逃,至今下落不明。
2005年5月7日,被告人布某某与受邀的赤某某(两人系叔侄关系)各携带一把长枪和食物前往**村树林里寻找*仓的人实施报复。当日8时许,两人到**牧场“卓陆巴”(地名)山沟处时,看到正赶往“珠地”牧场的被害人松某某和白某某(两人系夏仓家族的人),被告人布某某朝行走在桥上的松某某开枪射击,击中其左腿内侧致倒地,布某某再次向其连开两枪后,松某某顺势掉到桥下。被害人白某某见状后,往松某某方向逃跑时,被告人赤某某朝其开枪射击,击中其左髂前上棘致倒地,赤某某再次向其开枪射击,击中其左侧手臂后,两人逃离现场。
被告人布某某、赤某某于2019年8月4日向贡觉县公安局投案,到案后,两人对各自的犯罪事实供认不讳。布某某上交一支长为92厘米,标有“8106279”字样的枪形物一支,赤某某上交一支长为114厘米,标有“US MODEL OF 1917REMINGTON579047”的枪形物一支。
经鉴定,被害人松某某、白某某的伤势程度均为轻伤;上列两支枪形物为以火药为动力的制式枪支。
认定上述事实的证据如下:
1.现场提取的弹壳、子弹、食物等物证;2.户籍证明信、刑事判决书、到案经过说明等书证;3.证人巴某某的证言;4.被害人松某某、白某某的陈述;5.被告人布某某、赤某某的供述与辩解;6.人体损伤程度鉴定书、枪弹鉴定书;7.勘验、检查、辨认笔录。
本院认为,被告人布某某、赤某某故意非法剥夺他人生命为目的,向他人开枪射击,致两人轻伤,二被告人的行为触犯了《中华人民共和国刑法》第二十五条和第二百三十二条之规定,构成故意杀人罪(未遂),犯罪事实清楚,证据确实、充分,应当以故意杀人罪追究二被告人的刑事责任。被告人布某某、赤某某违反枪支管理规定,非法持有枪支,二被告人的行为已触犯《中华人民共和国刑法》第一百二十八第一款之规定已构成非法持有枪支罪,犯罪事实清楚,证据确实、充分,应当以非法持有枪支罪追究二被告人的刑事责任。二被告人因实行犯罪时由于意志以外的原因而未能得逞,系犯罪未遂,依照《中华人民共和国刑法》第二十三条第二款之规定,可以比照既遂犯减轻处罚。二被告人系自首,依照《中华人民共和国刑法》第六十七条第一款之规定,可以减轻处罚。被告人赤某某因犯盗窃罪判处有期徒刑,刑满释放后的五年之内,再犯应当判处有期徒刑以上的犯罪,依照《中华人民共和国刑法》第六十五条第一款之规定,应当从重处罚。二被告人属判决宣告之前一人犯数罪,依照《中华人民共和国刑法》第六十九条的规定,应当数罪并罚。根据《中华人民共和国刑事诉讼法》第一百七十六条第一款的规定,提起公诉,请依法判处。
此致
贡觉县人民法院
副检察长:周鹏超
གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་
ཞུ་གཏུག་ཡི་གེ
གོ་ཞིབ་གཞུང་ཉེས་གཏུག་【༢༠༡༩】ཡིག་ཨང་༢༠
གྱོད་ཡ་བུ་ཆེ་གེ་མོ། སྐྱེས་པ། སྤྱི་ལོ་1984ཟླ་**ཚེས་**ཉིན་སྐྱེས། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས།5421231984******** བོད་རིགས། ཡིག་རྨོངས། ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། སྡོད་གནས་ནི་**་ཤང་**གྲོང་ཚོ། རྐང་བཙུགས་ནས་མི་བསད་པའི་ནག་ཉེས་( ཉེས་གསག་ལམ་ལྷོངས་མ་བྱུང་བ། )ལ་དོགས་པ་ཡོད་རྐྱེན། སྤྱི་ལོ་2019ཟླ་8ཚེས་5ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་རྐང་ཉར་བྱས། རྗེས་སུ་སྤྱི་ལོ་2019ཟླ་9ཚེས་4ཉིན་བར་རྐང་ཉར་ནར་འགྱངས་བྱས། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་པ་ཡོད་རྐྱེན། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མཆོག་མཆན་རྒྱུད།སྤྱི་ལོ་2019ཟླ་9ཚེས་9ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་ལག་བསྟར་བྱས། ད་ལྟ་ཆབ་མདོ་གྲོང་ཁྱེར་ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱས་ཡོད།
གྱོད་ཡ་ཆེ་གེ་མོ། སྐྱེས་པ། སྤྱི་ལོ་1957ཟླ་**ཚེས་**ཉིན་སྐྱེས། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས།5421231957******** བོད་རིགས། ཡིག་རྨོངས། ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། སྡོད་གནས་ནི་**ཤང་**གྲོང་ཚོ། རྐུ་རྒྱག་པའི་ནག་ཉེས་གསག་པས། སྤྱི་ལོ་1995ཟླ་2ཚེས་28ཉིན་གོ་འཇོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་བརྒྱད་ཐག་གཅོད་བྱས། སྤྱི་ལོ་2003ཟླ་1ཚེས་13ཉིན་ཁྲིམས་ཁུར་ཡུན་ཚད་ཚང་ནས་བཙོན་གྲོལ་བྱུང་། རྐང་བཙུགས་ནས་མི་བསད་པའི་ནག་ཉེས་( ཉེས་གསག་ལམ་ལྷོངས་མ་བྱུང་བ། )ལ་དོགས་པ་ཡོད་རྐྱེན། སྤྱི་ལོ་2019ཟླ་8ཚེས་5ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་རྐང་ཉར་བྱས། རྗེས་སུ་སྤྱི་ལོ་2019ཟླ་9ཚེས་4ཉིན་བར་རྐང་ཉར་ནར་འགྱངས་བྱས། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་པ་ཡོད་རྐྱེན། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མཆོག་མཆན་རྒྱུད། སྤྱི་ལོ་2019ཟླ་9ཚེས་9ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་ལག་བསྟར་བྱས། ད་ལྟ་ཆབ་མདོ་གྲོང་ཁྱེར་ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱས་ཡོད།
གྱོད་གཞི་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་རྗེས། གྱོད་ཡ་ཆེ་གེ་མོ། འཕྲིན་ཆེ་གེ་མོ་གཉིས་རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་དང་ཁྲིམས་འགལ་གྱི་མེ་མདའ་བདག་བཟུང་བྱས་པའི་ནག་ཉེས་ལ་དོགས་གཞི་ཡོད་པས། སྤྱི་ལོ་2019ཟླ་11ཚེས་1ཉིན་ངེད་ཁང་དུ་གཞུང་གཏུག་བྱེད་པར་སྤོ་སྐྱེལ་བྱས། ངེད་ཁང་གི་གྱོད་གཞི་བདག་སྤྲོད་བྱས་རྗེས། སྤྱི་ལོ་2019ཟླ་11ཚེས་2ཉིན་གྱོད་ཡ་གཉིས་ལ་དགས་འབུད་པ་བཀོད་མངགས་བྱེད་དབང་བརྗོད། སྤྱི་ལོ་2019ཟླ་11ཚེས་3ཉིན་གནོད་འཚེ་ཕོག་མི་གཉིས་ལ་གཏུག་བཤེར་ལས་ཚབ་པ་བཀོད་མངག་བྱེད་དབང་བརྗོད་ཡོད། གྱོད་ཡ་གཉིས་ལ་འདྲི་ཞིབ་དང་གནོད་འཚེ་ཕོག་མི་གཉིས་ཀྱི་བསམ་འཆར་ཉན་ཡོད། གྱོད་གཞིའི་དཔྱད་གཞི་ཡོངས་ལ་དབྱེ་ཞིབ་བྱས་ཡོད། གྱོད་དོན་ཚབས་ཆེན་དང་རྙོག་འཛིང་ཆེན་པོ་ཡོད་པས།ངེད་ཁང་གིས་གྱོད་གཞི་འདི་སྤྱི་ལོ་2019ཟླ་12ཚེས་2ཉིན་ནས་སྤྱི་ལོ་2019ཟླ་12ཚེས་16ཉིན་བར་གྱོད་གཞི་ཞིབ་དཔྱད་གཞུང་གཏུག་བྱེད་པར་ནར་འགྱངས་བྱས།
ཁྲིམས་ལྟར་རྟག་དཔྱད་ཞིབ་དཔྱད་རྒྱུད་ཤེས་གསལ། སྤྱི་ལོ་2002ལོའི་གཡས་གཡོན་དུ། གོ་འཇོ་རྫོང་**ཤང་**གྲོང་ཚོའི་*ཚང་( དུད་ཁག་མིང་། )གི་རྡོ་ཆེ་གེ་མོ་སོགས་ཀྱིས་གྱོད་ཡ་བུ་ཆེ་གེ་མོ་དུད་ཁག་གི་རྨོ་མཛོ་གཅིག་རྐུ་རྒྱབ། དོན་དེར་དུད་ཁག་གཉིས་གྱོད་ཐག་མ་ཆོད་པར། ས་གནས་དེ་གའི་ཤང་མི་དམངས་སྲིད་གཞུང་གིས་འདུམ་འགྲིག་བྱས་ནས་བྱ་*གིས་རྡོ་ཆེ་གེ་མོ་སོགས་ལ་ཉེས་ཆད་ངེས་ཅན་བཏང་ཡོད། བྱ་*གི་མིའི་བསམ་པར་ཤང་སྲིད་གཞུང་གིས་གྱོད་ཐག་བཏང་བར་བློ་མ་བབས་པས། དུད་ཚང་གཉིས་བར་འཁོན་འགྲས་གསར་པ་བཟོས།
སྤྱི་ལོ་2004ལོའི་སྟོན་མཇུག་ཏུ། གོ་འཇོ་རྫོང་**ཤང་ཉེ་འགྲམ་དུ་གློག་བརྙན་བལྟ་དུས། བྱ་*གི་ཨ་ཆེ་གེ་མོ། རྡོ་ཆེ་གེ་མོ་ བསོད་ཆེ་གེ་མོ་སོགས་དང་གྱོད་ཡ་བུ་ཆེ་གེ་མོའི་ཤ་ཉེ་( གཅེན་པོ། )སངས་ཆེ་གེ་མོ་བར་སྔར་སོང་གི་འཁོན་འགྲས་ཀུན་སློང་སུ་བྱས་ནས་འཛིང་མོ་གཏུག་རྐྱེན་སངས་ཆེ་གེ་མོ་འདས་གྲོངས་སུ་སོང་ཡོད། འཛིང་མོ་གཏུག་པའི་དོན་དེ་གོ་ཐོས་བྱུང་རྗེས་ས་དེ་གར་སླེབས་པའི་གྱོད་ཡ་བུ་ཆེ་གེ་མོ་ཡང་བྱ་*གི་ཨ་ཆེ་གེ་མོ་སོགས་ཀྱིས་རྨས་སྐྱོན་བཏང་། རྗེས་སུ། བྱ་*གི་སྐྱེས་པ་ཚང་མ་བྲོས་བྱོལ་ལ་ཕྱིན་ནས་ད་བར་དུ་གར་སོང་ཆ་མེད་དུ་གྱུར།
སྤྱི་ལོ་2005ཟླ་5ཚེས་7ཉིན། གྱོད་ཡ་བུ་ཆེ་གེ་མོ་དང་བུ་ཆེ་གེ་མོས་དགྲ་ཤ་ལེན་པར་སྐད་བཏང་བའི་གྱོད་ཡ་འཕྲིན་ཆེ་གེ་མོ་( གྱོད་ཡ་གཉིས་ཀྱི་འབྲེལ་བ་ནི་ཚ་བོ་དང་ཞང་པོ་ཡིན། )གཉིས་ཀྱིས་མི་རེར་མེ་མདའ་རིང་མདའ་རེ་དང་གྲོ་སོགས་ཀྱི་བཟའ་བཅའ་ཁྱེར་ནས། **གྲོང་གི་ནགས་གསེབ་ཏུ་ཕྱིན་ནས་བྱ་*གི་སྐྱེས་པ་མྱུལ་ནས་དགྲ་ཤ་ལེན་རྩིས་བྱས། ཆུ་ཚོད་8པའི་ཐོག། གྱོད་ཡ་གཉིས་**འབྲོག་རྭ་གྲོ་ལུག་པ་(ས་མིང་།)གི་རི་ཁུག་དུ་སླེབས་དུས། **འབྲོག་རྭར་ཡོང་བའི་གནོད་འཚེ་ཕོག་མི་སངས་ཆེ་གེ་མོ་དང་པད་ཆེ་གེ་མོ་(གནོད་ཚེ་ཕོག་མི་དེ་གཉིས་ནི་བྱ་ཚང་གི་མི་རྒྱུད་ཡིན།)གཉིས་མཐོང་བས། གྱོད་ཡ་བུ་ཆེ་གེ་མོ་ཟམ་སྟེང་དུ་འགྲོ་བཞིན་པའི་སངས་ཆེ་གེ་མོ་ལ་མེ་མདའ་རྒྱབ་ནས་རྐང་པ་གཡོན་མའི་ནང་ངོས་སུ་ཕོག་ནས་ས་སྟེང་དུ་འགྱེལ། བུ་ཆེ་གེ་མོས་ཡང་བསྐྱར་སངས་ཆེ་གེ་མོ་ལ་མེ་མདའ་གཉིས་འབྲེལ་མཐུད་དུ་རྒྱབ་པས། སངས་ཆེ་གེ་མོ་ཟམ་འོག་དུ་ལྷུང་ཡོད། མེ་མདའ་རྒྱབ་པའི་གནས་ཚུལ་དེ་གནོད་འཚེ་ཕོག་མི་པད་ཆེ་གེ་མོ་ཡིས་མཐོང་བས། སངས་ཆེ་གེ་མོ་ཡི་ངོས་སུ་ཕྱིར་ལོག་བྲོས་པའི་ལམ་བར་དུ། གྱོད་ཡ་འཕྲིན་ཆེ་གེ་མོ་ཡིས་མེ་མདའ་རྒྱབ་པས། པད་ཆེ་གེ་མོ་ཡིས་གཡོན་གྱི་དཔྱི་མཚམས་སུ་ཕོག་ནས་ས་སྟེང་དུ་འགྱེལ། འཕྲིན་ཆེ་གེ་མོ་ཡིས་ཡང་བསྐྱར་མེ་མདའ་རྒྱབ་པས། པད་ཆེ་གེ་མོ་ཡི་ལག་གཡོན་པའི་ལག་ངར་ཕོག་རྗེས། གྱོད་ཡ་གཉིས་ས་དེ་ནས་བྲོས་བྱོལ་ལ་ཕྱིན་ཡོད།
གྱོད་ཡ་བུ་ཆེ་གེ་མོ་དང་འཕྲིན་ཆེ་གེ་མོ་གཉིས་ནི་སྤྱི་ལོ་2019ཟླ་8ཚེས་4ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་སུ་མགོ་བཏགས་ཡོད། མགོ་བཏགས་རྗེས། གྱོད་ཡ་གཉིས་ཀྱིས་རང་ཉིད་ཀྱི་ཉེས་གསག་དོན་དངོས་དྲང་པོར་བརྗོད་ཡོད། གྱོད་ཡ་བུ་ཆེ་གེ་མོས་མེ་མདའི་གཟུགས་འདྲ་བའི་ཅ་དངོས་རིང་ཐུང་ལ་ལི་རྨི་92ཡོད་པ་དང་ཅ་དངོས་དེའི་ཐོག་8106279ཡི་གེ་བཀོད་ཡོད། གྱོད་ཡ་འཕྲིན་ཆེ་གེ་མོས་མེ་མདའི་གཟུགས་འདྲ་བའི་ཅ་དངོས་རིང་ཐུང་ལ་ལི་རྨི་114ཡོད་པ་དང་ཅ་དངོས་དེའི་ཐོག་US MODELOF 1917REMINGTON579047ཡི་གེ་བཀོད་ཡོད།
ཆོད་བསྡོམས་བྱས་པ་རྒྱུད། གནོད་འཚེ་ཕོག་མི་སངས་ཆེ་གེ་མོ་དང་པད་ཆེ་གེ་མོ་ཡིས་རྨས་སྐྱོན་དེ་རྨས་
སྐྱོན་ཆུང་བ་རིམ་པ་གཉིས་པ་ཡིན་པར་ཆོད་བསྡོམས་བྱས། གོང་གསལ་གྱི་མེ་མདའི་གཟུགས་འདྲ་བའི་ཅ་དངོས་དེ་ནི་མེ་རྗས་( བོའུ་སྨན། )འགུལ་ཤུགས་སུ་བྱས་པའི་དམག་སྤྱོད་མེ་མདའ་ཡིན་པར་ཆོད་བསྡོམས་བྱས།
གོང་གསལ་དོན་དངོས་ངེས་བཟུང་དཔང་རྟགས་གཤམ་གསལ། ༡ མི་དམའ་རྒྱབ་ས་ནས་སྒྲུག་པའི་མདའ་ཤུགས། མདེའུ། གྲོ་སོགས་ཀྱི་དངོས་དཔང་། ༢ ཐེམ་ཐོ་ངོ་སྤྲོད་ཡི་གེ། ཉེས་དོན་དཔྱད་ཁྲ། མགོ་བཏགས་པའི་རྒྱུད་རིམ་སོགས་ཀྱི་ཡིག་དཔང་། ༣ དཔང་མི་པ་ཆེ་གེ་མོ་སོགས་ཀྱི་དཔང་ཚིག ༤ གནོད་འཚེ་ཕོག་མི་སངས་ཆེ་གེ་མོ། པད་ཆེ་གེ་མོ་ཞུ་ཚིག། ༥ གྱོད་ཡ་བུ་ཆེ་གེ་མོ། འཕྲིན་ཆེ་གེ་མོ་ཡི་ཞུ་ཚིག་དང་དག་བསེལ། ༦ མི་ལུས་རྨས་ཚད་ཆོད་བསྡོམས་བྱེད་པའི་ཆོད་བསྡོམས་ཡི་གེ་དང་མེ་མདའ་ཆོད་བསྡོམས་བྱས་པའི་ཆོད་བསྡོམས་ཡི་གེ། ༧ ས་ཡུལ་དངོས་ཀྱི་བསྐོར་ཐོ་དང་དབྱེ་འབྱེད་ཟིན་ཐོ།
ངེད་ཁང་གི་ངོས་འཛིན་ལྟར་ན། གྱོད་ཡ་བུ་ཆེ་གེ་མོ་དང་འཕྲིན་ཆེ་གེ་མོ་གཉིས་ཀྱིས། རྐང་བཙུགས་ནས་ཁྲིམས་འགལ་གྱི་མི་གཞན་གྱི་ཚེ་སྲོག་འཕྲོག་པར་དམིགས་ཡུལ་སུ་བྱས་ནས། མི་གཞན་ལ་མེ་མདའ་རྒྱབ་པས། མི་གཉིས་ལ་རྨས་སྐྱོན་ཆུང་བ་བཏང་ཡོད། གྱོད་ཡ་གཉིས་ཀྱི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་ཉི་ཤུ་རྩ་ལྔ། དོན་ཚན་ཉི་བརྒྱ་སུམ་བཅུ་སོ་གཉིས་ཀྱི་གཏན་ཕབ་གཞིར་བཟུང་། རྐང་བཙུགས་ནས་མི་བསད་པའི་ནག་ཉེས་( ཉེས་གསག་ལམ་ལྷོངས་མ་བྱུང་བ། )གྲུབ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་པས། རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་དགོས་ངེས་ཡིན། གྱོད་ཡ་བུ་ཆེ་གེ་མོ་དང་འཕྲིན་ཆེ་གེ་མོ་གཉིས་ཀྱིས་མེ་མདའ་དོ་དམ་གཏན་ཕབ་ལས་འགལ་ནས། ཁྲིམས་འགལ་གྱི་མེ་མདའ་བདག་བཟུང་བྱས་པས། གྱོད་ཡ་གཉིས་ཀྱི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཀྱི་གཏན་ཕབ་གཞིར་བཟུང་། ཁྲིམས་འགལ་གྱི་མེ་མདའ་བདག་བཟུང་བྱས་པའི་ནག་ཉེས་གྲུབ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་པས། ཁྲིམས་འགལ་གྱི་མེ་མདའ་བདག་བཟུང་བྱས་པའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་དགོས་ངེས་ཡིན། གྱོད་ཡ་གཉིས་ནི་ནག་ཉེས་གསག་འགོ་ཚུགས་ཀྱང་། ཉེས་ཅན་པའི་བསམ་བློའི་འདུ་ཤེས་ཕུད་པའི་དེ་མིན་གྱི་གནས་ཚུལ་གྱི་རྐྱེན་པས་ཉེས་གསག་ལམ་ལྷོངས་མ་བྱུང་བས། ཉེས་གསག་ལམ་ལྷོངས་མ་བྱུང་བའི་ཁོངས་སུ་གཏོགས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་ཉི་ཤུ་རྩ་གསུམ་གྱི་ནང་གསེས་གཉིས་པའི་གཏན་ཕབ་གཞིར་བཟུང་། ཉེས་གསག་ལམ་ལྷོངས་བྱུང་བ་དང་བསྡུར་བ་བཏང་ནས་ཁྲིམས་ཆད་ཆག་ཡང་བཏང་ན་ཆོག། གྱོད་ཡ་གཉིས་ནི་མགོ་བཏགས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་དྲུག་བཅུ་རེ་བདུན་གྱི་ནང་གསེས་དང་པོའི་གཏན་ཕབ་གཞིར་བཟུང་། ཁྲིམས་ཆད་ཆག་ཡང་བཏང་ན་ཆོག། གྱོད་ཡ་འཕྲིན་ཆེ་གེ་མོ་ནི་རྐུ་རྒྱབ་པའི་ནག་ཉེས་གསག་པས་དུས་བཀག་བཙོན་འཇུག་ཡན་གྱི་ཉེས་ཆད་བཏང་རྗེས། ཁྲིམས་ཁུར་ཡུན་ཚད་ཚང་ནས་བཙོན་གྲོལ་བྱུང་རྗེས་ཀྱི་ལོ་ལྔའི་ནང་། དུས་བཀག་བཙོན་འཇུག་ཡན་ཐག་གཅོད་ཡོང་ངེས་པའི་ཉེག་པ་གསག་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་དྲུག་བཅུ་རེ་ལྔའི་ནང་གསེས་དང་པོའི་གཏན་ཕབ་གཞིར་བཟུང་། ཁྲིམས་ཆད་ནན་གཅོད་བྱ་དགོས་ངེས་ཡིན། གྱོད་ཡ་གཉིས་ནི་ཁྲིམས་ཐག་མ་གཅད་གོང་དུ་ཉེས་པ་སྣེ་མང་གསག་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་དྲུག་བཅུ་རེ་དགུ་ཡི་གཏན་ཕབ་གཞིར་བཟུང་། ཉེས་མང་སྡེབ་གཅོད་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས།》དོན་ཚན་བརྒྱ་དང་བདུན་བཅུ་དོན་དྲུག་གི་ནང་གསེས་དང་པོའི་གཏན་ཕབ་གཞིར་བཟུང་། གཞུང་གཏུག་བྱ་རྒྱ་ཡིན་པས། ཁྲིམས་ལྟར་ཐག་གཅོད་ཡོད་པ་ཞུའུ།།
བཅས།
གོ་འཇོ་རྫོང་མི་དམངས་ཁྲིམས་ཁང་།
ཞིབ་དཔྱོན་ཀྲང་གཞོན་པ། ཀྲའུ་ཧྥང་ཁྲའོ།
སྤྱི་ལོ་2019ཟླ་12ཚེས་13ཉིན།
评论
成为第一个评论者
发表评论
评论