欢迎访问中国律师网!

咨询热线 023-8825-6629

起诉书(扎某某故意伤害案)_贡觉县人民检察院

2021-09-20 尘埃 评论0

贡觉县人民检察院

起 诉 书

贡检公刑诉〔2019〕25号 

    被告人扎某某,男,1995年**月**日出生,身份证号码5421241995********,藏族,初中文化,户籍所在地西藏自治区昌都市类乌齐县,住贡觉县**朗玛厅,因涉嫌故意伤害罪,经贡觉县公安局决定,于2019年9月13日被取保候审。

本案由贡觉县公安局侦查终结,以被告人扎某某涉嫌故意伤害罪,于2019年11月1日向本院移送审查起诉。本院受理后,于2019年11月3日已告知被告人有权委托辩护人,2019年11月4日已告知被告人认罪认罚可能导致的法律后果,2019年11月3日已告知被害人有权委托诉讼代理人,依法讯问了被告人,听取了被告人及其法律援助律师、被害人的意见,审查了全部案件材料。被告人同意本案适用简易程序审理。

经依法审查查明:2019年8月6日4时许,在贡觉县**西路**藏餐馆内被告人扎某某及其朋友朗某某、嘎某某(另案处理)等一行七人喝酒,被害人单某某及其朋友罗某某(另案处理)等五人邻桌而坐。单某某酒后说出“地域黑”(三岩人)的话被朗某某听到后,其认为单某某对其地域歧视,单某某一桌的人与过来敬酒的朗某某发生争吵,单某某、罗某某与朗某某互砸啤酒瓶,致朗某某头部受伤,双方被在场人员劝开后走出茶馆。落单的单某某与朗某某在该茶馆门外再次发生抓扯,单某某将朗某某抱摔在地后,又持酒瓶砸向旁边的嘎某某的脸上,嘎某某也持酒瓶回砸,被告人扎某某见状后,捡起木板朝被害人单某某的手臂击打,致其双臂受伤骨折后离开现场。

经鉴定,被害人单某某双上肢损伤度为轻伤一级。

被告人扎某某被民警当场抓获归案,到案后对其犯罪事实供认不讳。

认定上述事实的证据如下:

1.作案工具木板一块;2.户籍证明信、到案经过说明、刑事和解书等;3.被害人单某某的陈述;4.被告人扎某某的供述和辩解;5.证人白某某、嘎某某、仁某某等人的证言;6.人体损伤程度鉴定书;7.现场监控。

上述证据收集程序合法,内容客观真实,足以认定指控事实。被告人扎某某对指控的犯罪事实和证据没有异议,并自愿认罪认罚。

本院认为,被告人扎某某故意伤害他人身体,致人轻伤,其行为触犯了《中华人民共和国刑法》第二百三十四条第一款之规定,犯罪事实清楚,证据确实、充分,应当以故意伤害罪追究其刑事责任。被告人扎某某到案后如实供述罪行,依照《中华人民共和国刑法》第六十七条第三款之规定系坦白,可以从轻处罚,被告人与被害人达成刑事和解协议,积极赔偿被害人经济损失,取得被害人谅解,依照《中华人民共和国刑事诉讼法》第二百九十条之规定,可以从轻处罚,建议判处被告人扎某某拘役四个月至五个月。根据《中华人民共和国刑事诉讼法》第一百七十六条第二款之规定,提起公诉,请依法判处。

此致

贡觉县人民法院

检察官:顿珠坚才

2019年12月1日

གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་

ཞུ་གཏུག་ཡི་གེ་

གོ་ཞིབ་གཞུང་ཉེས་གཏུག་2019ཡིག་ཨང་25

   གྱོད་ཡ་བཀྲ་ཆེ་གེ་མོ། སྐྱེས་པ། སྤྱི་ལོ་1995ལོའི་ཟླ་**ཚེས་**ཉིན། ཐོབ་ཐང་ལག་ཁྱེར་ཨང་གྲངས་542121995**** བོད་རིགས། དམའ་འབྲིང་རིག་གནས། ཐེམ་ཐོ་གནས་ཡུལ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང། སྡོད་གནས་ནི་གོ་འཇོ་རྫོང། རྐང་བཙུགས་ནས་མི་ལ་གནོད་འཚེ་བཏང་བའི་ནག་ཉེས་བསགས་རྐྱེན། གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཐག་གཅོད་རྒྱུད། སྤྱི་ལོ་2019ལོའི་ཟླ་9ཚེས་13ཉིན་ གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས། 

གྱོད་དོན་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་རྗེས། གྱོད་ཡ་བཀྲ་ཆེ་གེ་མོས་རྐང་བཙུགས་ནས་གནོད་འཚེ་བཏང་བའི་ནག་ཉེས་བསགས་རྐྱེན་། སྤྱི་ལོ་2019ལོའི་ཟླ་11ཚེས་1ཉིན་ངེད་ཁང་དུ་ཞུ་གཏུག་བྱེད་པར་སྤོ་སྐྱེས་བྱས། ངེད་ཁང་གིས་བདག་སྤྲོད་བྱས་རྗེས། སྤྱི་ལོ་2019ལོའི་ཟླ་11ཚེས་3ཉིན་གྱོད་ཡར་དག་འབུད་པ་བཀོད་མངགས་བྱེད་དབང་བརྗོད་ཡོད། སྤྱི་ལོ་2019ལོའི་ཟླ་11ཚེས་4ཉིན་ནག་ཉེས་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་ན་ཕལ་ཆེར་ཐོན་སྲིད་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་བྱས་ཡོད། 2019ལོའི་ཟླ་11ཚེས་3ཉིན་གནོད་འཚེ་ཕོག་མཁན་ལ་གཏུག་བཤེར་ངོ་ཚབ་བཀོད་མངགས་བཅོལ་བྱེད་དབང་གསལ་བཤད་བྱས་ཡོད། ཁྲིམས་ལྟར་གྱོད་ཡར་འདྲི་རྩད་བྱས་ཡོད། གྱོད་ཡ་དང་ཁྲིམས་རྩོད་ལས་བྱ་པ་དང་གནོད་འཚེ་ཕོག་མཁན་གྱི་བསམ་འཆར་ཉན་ཡོད། གྱོད་དོན་གྱི་དཔྱད་གཞི་ཡོངས་ལ་ཞིབ་དཔྱད་བྱས། གྱོད་ཡས་གྱོད་དོན་འདི་ལ་སྟབས་བདེའི་ལས་རིམ་སྤྱད་དེ་འདྲི་གཅོད་བྱེད་པར་ཁེ་ལེན་བྱུང་། 

ཁྲིམས་ལྟར་རྟག་དཔྱད་ཞིབ་དཔྱད་རྒྱུད་ཤེས་གསལ། སྤྱི་ལོ་2019ལོའི་ཟླ་8ཚེས་6ཉིན་གྱི་ཆུ་ཚོད་4ཙམ་ལ། གོ་འཇོ་རྫོང་**** ནུབ་ལམ་****    བོད་ཟས་ཁང་ནང་གི་གྱོད་ཡ་བཀྲ་ཆེ་གེ་མོ་དང།  གྲོགས་པོ་ནམ་ཆེ་གེ་མོ་དང་དགའ་ཆེ་གེ་མོ་སོགས་མི་བདུན་གྱིས་ཆང་འཐུང་བ་བསྡད་ཡོད། གནོད་འཚེ་ཕོག་མཁན་བརྟན་ཆེ་གེ་མོ་དང་གྲོགས་པོ་ནོར་ཆེ་གེ་མོ(གྱོད་དོན་གཞན་དག་ཐག་གཅོད་བྱས)སོགས་མི་ལྔ་ཅན་གྱི་ཅོག་ཙེའི་འགྲམ་དུ་བསྡད་ཡོད། རྟན་ཆེ་གེ་མོས་ཆང་འཐུང་རྗེས་“ས་ཁུལ་ནག་པོ”(ས་ངན་མི)ཀྱི་སྐད་ཆ་དེ་ནམ་ཆེ་གེ་མོས་ཐོས་རྗེས། བསམ་པར་རྟན་ཆེ་གེ་མོས་མཐོང་ཆུང་བྱེད་པ་བསམ། རྟན་ཆེ་གེ་མོའི་ཅོག་ཙེ་གཅིག་གི་སྟེང་གི་མི་དང་ཆང་བཀྱག་པར་ཡོང་བའི་ནམ་ཆེ་གེ་མོའི་བར་ལ་ཁ་རྩོད་བྱུང་བ་དང་། བརྟན་ཆེ་གེ་མོ་དང་ནོར་ཆེ་གེ་མོས་ནམ་ཆེ་གེ་མོ་དང་ཕན་ཚུན་ལྦི་རག་ཤེལ་དམ་རྒྱབ་རེས་བྱེད། ནམ་ཆེ་གེ་མོའི་མགོ་ལ་རྨས་སྐྱོན་ཕོག་པ་དང་། ཕྱོགས་གཉིས་པོར་དེ་གར་ཡོད་པའི་མི་སྣས་ཁ་ཏ་བསླབ་བྱ་བྱས་རྗེས་ཇ་ཁང་ནས་ཕྱིར་ཐོན། ཐོ་འགོད་བྱས་པའི་ རྟན་ཆེ་གེ་མོ་དང་ནམ་ག་གེ་མོ་གཉིས་ཇ་ཁང་དེའི་ཕྱི་རོལ་དུ་ཡང་བསྐྱར་འཛིན་བཟུང་བྱས། རྟན་ཆེ་གེ་མོ་ཞིག་གིས་ནམ་ཆེ་གེ་མོ་ཞིག་ཐང་ལ་འགྱེལ་དུ་བཅུག ཡང་ལྦི་རག་ཤེལ་དམ་བཟུང་ནས་འགྲམ་གྱི་དགའ་ཆེ་གེ་མོའི་གདོང་ལ་རྒྱབ།  དགའ་ཆེ་གེ་མོས་ཀྱང་ལྦི་རག་ཤེལ་དམ་བཟུང་ནས་རྒོལ་ལན་སློག། གྱོད་ཡ་བཀྲ་ཆེ་གེ་མོས་མཐོང་རྗེས། ཤིང་ལེབ་བླངས་ནས་གནོད་འཚེ་ཕོག་མཁན་བརྟན་ཆེ་གེ་མོའི་ལག་པར་གཞུས་པ་དང་། ལག་པ་གཉིས་ལ་རྨས་སྐྱོན་ཕོག་ནས་རུས་པ་བཅག་རྗེས་ས་དེ་ནས་ཁ་བྲལ་བ་རེད།

ཆོད་བསྡོམས་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་རྟན་་ཆེ་གེ་མོའི་ལག་པ་གཉིས་ཀྱི་རྨ་ཚད་དེ་རྨས་སྐྱོན་ཆུང་བ་རིམ་པ་དང་པོ་ཡིན།

གྱོད་ཡ་བཀྲ་ཆེ་གེ་མོར་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གྱོད་ཁུངས་སུ་ཚུད། གྱོད་དོན་ཐོན་རྗེས་ཉེས་གསོག་གི་དོན་དངོས་ངོས་ལེན་བྱས་པ་རེད། 

གོང་གསལ་དོན་དངོས་ངོས་འཛིན་དཔང་རྟགས་གཤམ་གསལ། 

1.ཉེས་གསོག་ལག་ཆ་་ཤིང་ལེབ་གཅིག་། 2. ཐེམ་ཐོའི་བདེན་དཔང་ཡི་གེ་དང་། ཁྲིམས་སར་འབྱོར་བའི་བརྒྱུད་རིམ་གསལ་བཤད། ཉེས་དོན་དང་འགྲེལ་བཤད་ཡི་གེ་སོགས། 3. གནོད་འཚེ་ཕོག་མཁན་རྟན་ཆེ་གེ་མོའི་ཞུ་ཚིག 4.གྱོད་ཡ་བཀྲ་ཆེ་གེ་མོའི་ཞུ་ཚིག་དང་དག་བསེལ། 5. དཔང་མི་དཔལ་ཆེ་གེ་མོ། དགའ་ཆེ་གེ་མོ། རིན་ཆེ་གེ་མོ་སོགས་ཀྱི་དཔང་ཚིག 6.མི་ལུས་ལ་རྨ་ཚད་ཆོད་བསྡོམས་ཡི་གེ། 7.ས་ཡུལ་དངོས་ཀྱི་སྨོར་ཞིབ་དང་བལྟག་དཔྱད། 

གོང་གསལ་གྱི་དཔང་རྟགས་བསྡུ་རུབ་གོ་རིམ་ཁྲིམས་མཐུན། ནང་དོན་དོན་དངོས་ཡིནཔས། ངེད་ཁང་གི་ཉེས་འགྲང་དོན་དངོས་ངོས་འཛིན་ཐུབ། གྱོད་ཡ་བཀྲ་ཆེ་གེ་མོས་ཉེས་བགྲང་ཞུ་གཏུག་བྱས་པའི་ཉེས་གསག་དོན་དངོས་དང་དཔང་རྟགས་ལ་བསམ་འཆར་མེད་པས། ནག་ཉེས་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་བྱུང་། 

ངེད་ཁང་གིས་ངོས་འཛིན་ལྟར་ན། གྱོད་ཡ་བཀྲ་ཆེ་གེ་མོས་རྐང་བཙུག་ནས་མི་གཞན་ལ་གནོད་འཚེ་བཏངནས་རྨས་རྐྱོན་ཆུང་བ་བཟོས་པའི་བྱ་སྤྱོད་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་ཉི་བརྒྱ་སུམ་བཅུ་སོ་བཞི་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་ཡིན་པས་རྐང་བཙུགས་ནས་གནོད་འཚེ་བཏང་བའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། གྱོད་ཡ་བཀྲ་ག་གེ་མོས་གྱོད་ཁུངས་སུ་ཚུད་རྗེས་ཉེས་གསག་དོན་དངོས་དྲང་པོར་བརྗོད་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་དྲུག་བཅུ་རེ་བདུན་པའི་ནང་གསེས་གསུམ་པའི་གཏན་འབེབས་ལྟར་མགོ་བཏགས་པའི་ཁོངས་སུ་གཏོགས་པ་ཉེས་ཆད་ཆག་ཡང་བཏང་ཆོག། གྱོད་ཡ་དང་གནོད་འཚེ་ཕོག་མཁན་དབར་ཉེས་དོན་འདུམ་འགྲིག་གི་གྲོས་མཐུན་བཞག་ནས་གནོད་འཚེ་ཕོག་མཁན་གྱི་དཔལ་འབྱོར་གྱོང་གུན་སྐྱིན་ཚབ་ཧུར་ཐག་འཇལ་ཡོད། གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཐོབ་ཡོད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་》ཀྱི་དོན་ཚན་ཉི་བརྒྱ་དགུ་བཅུ་པའི་གཏན་འབེབས་ལྟར། ཉེས་ཆད་གུ་ཡངས་བཏང་ན་ཆོག་གྱོད་ཡ་བཀྲ་ཆེ་གེ་མོར་ཟླ་བཞི་ནས་ཟླ་ལྔ་བར་བཙན་ཉར་ལས་སྐུལ་ཉེས་གཅོད་གྲོས་འགོ་བཏོན་རྒྱུ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་》ཀྱི་དོན་ཚན་བརྒྱ་དང་བདུན་བཅུ་དོན་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་གཞིར་བཟུང་།གཞུང་གཏུག་བྱ་རྒྱུ་ཡིན་པས་། ཁྲིམས་ལྟར་ཐག་གཅོད་ཡོད་པ་ཞུའུ།

བཅས།

 གོ་འཇོ་རྫོང་མི་དམངས་ཁྲིམས་ཁང།

ཞིབ་དཔྱོད་དཔོན་   དོན་གྲུབ་རྒྱལ་མཚན།

2019ལོའི་ཟླ་12ཚེས་1ཉིན།

评论

成为第一个评论者

发表评论

评论

你的邮件地址不会公开. *表示必填

Top