欢迎访问中国律师网!

咨询热线 023-8825-6629

起诉书(索某甲、顿某某、索某乙等四人故意伤害案)_贡觉县人民检察院

2021-09-20 独角龙 评论0

贡觉县人民检察院

起 诉 书

贡检公刑诉〔2020〕4号

被告人顿某某,男,1990年**月**日出生,身份证号码5421231990********,藏族,文盲,户籍所在地西藏自治区昌都市贡觉县,住贡觉县**村,因涉嫌故意伤害罪,经贡觉县公安局决定,于2018年6月19日被贡觉县公安局取保候审。

被告人索某甲,男,1994年**月**日出生,身份证号码5421231994********,藏族,文盲,户籍所在地西藏自治区昌都市贡觉县,住贡觉县**村,因涉嫌故意伤害罪,经贡觉县公安局决定,于2018年6月19日被贡觉县公安局取保候审。

被告人索某乙,男,2000年**月**日出生,身份证号码5421232000********,藏族,文盲,户籍所在地西藏自治区昌都市贡觉县,住贡觉县**村,因涉嫌故意伤害罪,经贡觉县公安局决定,于2019年6月19日被贡觉县公安局取保候审。

被告人旺某某,男,1992年**月**日出生,身份证号码5421231992********,藏族,文盲,户籍所在地西藏自治区昌都市贡觉县,住贡觉县**村,因涉嫌故意伤害罪,经贡觉县公安局决定,于2018年09月26日被贡觉县公安局取保候审。

本案由贡觉县公安局侦查终结,以被告人顿某某、索某甲、索某乙、旺某某涉嫌故意伤害罪,于2019年11月21日向本院移送审查起诉。本院受理后,于2019年11月22日已告知被告人有权委托辩护人,2019年11月22日已告知被害人近亲属有权委托诉讼代理人,依法讯问了被告人,听取了被害人的意见,审查了全部案件材料。因案件复杂,于2019年12月21日延长审查起诉期限一次,因事实不清,证据不足,于2020年1月5日退回补充侦查一次,公安机关于2020年2月5日补查重报。

    经依法审查查明:2019年6月19日,被告人顿某某、索某甲、索某乙和被害人次某某到贡觉县则巴乡**村的比多亭(地名)山上采挖虫草时,顿某某和牵马回家的**村多某某及其弟弟旺某某相遇,就越界采挖虫草的问题双方发生争执和推搡,索某甲、索某乙、次某某闻讯赶到争吵地,双方人员都向对方抛掷石块并走向对方。相遇后,被害人多某某持斧头击打索某甲的背部致其倒地,被告人顿某某见其弟弟索某甲倒地,持刀朝被害人多某某的头部砍了两刀,一旁的索某甲和索某乙也乱石抛向多某某,击中其右肩胛致骨折后翻滚在山坡上,造成多某某左胸部和左腋下三处受伤。被告人旺某某见其哥哥多某某倒地,持镰刀挥向旁边的被害人次某某,致使次某某的右手划伤,次某某也持刀反击朝旺某某的头部砍了两刀后致其倒地,顿某某、索某甲、索某乙、次某某见对方两人倒地,捡走现场遗留的斧头和镰刀逃离现场,多某某和旺某某被尾随两人赶马回家的**村村民送往医院处理伤口。

经鉴定,被害人多某某头部损伤程度轻微伤。左胸部损伤程度为轻伤二级;被害人次某某的右手损伤程度为轻伤二级;被告人旺某某的头部损伤程度为轻微伤。

被告人顿某某、索某甲、索某乙于2019年6月19日向贡觉县公安局主动投案,被告人旺某某于2019年9月26日经民警电话传唤主动到案,四名被告人归案后对各自的罪行供认不讳。

认定上述事实的证据如下:

1.藏刀两把、斧头一把、血衣一件;2.户籍证明信、刑事和解书、到案经过说明、接受证据清单等书证;3.被告人顿某某、索某甲、索某乙、旺某某的供述与辩解;4.被害人多某某、次某某的陈述;5.人体损伤程度鉴定书3份;7.勘验、检查、辨认、指认笔录。

    本院认为,被告人顿某某、索某甲、索某乙共同故意伤害他人身体,致人轻伤,三人的行为已触犯《中华人民共和国刑法》第二十五条、第二百三十四条第一款之规定,构成故意伤害罪,犯罪事实清楚,证据确实、充分,应当以故意伤害罪追究三人的刑事责任。被告人旺某某故意伤害他人身体,致人轻伤,其行为已触犯《中华人民共和国刑法》第二百三十四条第一款之规定,构成故意伤害罪,犯罪事实清楚,证据确实、充分,应当以故意伤害罪追究其刑事责任。四名被告人主动投案,如实供述自己的罪行,依照《中华人民共和国刑法》第六十七条第一款之规定,是自首,可以从轻或者减轻处罚。案发后,双方达成刑事和解协议,并全部履行完毕,也得到被害人的谅解,可以酌情从轻处罚。根据《中华人民共和国刑事诉讼法》第一百七十六条第一款之规定,提起公诉,请依法判处。

 

    此致

贡觉县人民法院

检察长:拉加

2020年3月3日

གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་

ཞུ་གཏུག་ཡི་གེ

གོ་ཞིབ་གཞུང་ཉེས་གཏུག་2020ཡིག་ཨང་4

 

         གྱོད་ཡ་དོན་ཆེ་གེ་མོ།    སྐྱེས་པ།     1990ལོའི་ཟླ་**ཚེས་**ཉིན་སྐྱེས།   ཐོབ་ཐང་ལག་ཁྱེར་ཨང་གྲངས།5421231990********   བོད་རིགས།  ཡིག་རྨོངས།   ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོངས་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་།  སྡོད་གནས་ནི་གོ་འཇོ་རྫོང་**ཤང་། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན།   2018ལོའི་ཟླ་6ཚེས་19ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས།

གྱོད་ཡ་བསོད་ཆེ་གེ་མོ་ཀ་པ།    སྐྱེས་པ།     1994ལོའི་ཟླ་**ཚེས་**ཉིན་སྐྱེས།   ཐོབ་ཐང་ལག་ཁྱེར་ཨང་གྲངས།5421231994********   བོད་རིགས།  ཡིག་རྨོངས།   ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོངས་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་།  སྡོད་གནས་ནི་གོ་འཇོ་རྫོང་**ཤང་། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན།   2018ལོའི་ཟླ་6ཚེས་19ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས།

གྱོད་ཡ་བསོད་ཆེ་གེ་མོ་ཁ་པ།    སྐྱེས་པ།     1990ལོའི་ཟླ་**ཚེས་**ཉིན་སྐྱེས།   ཐོབ་ཐང་ལག་ཁྱེར་ཨང་གྲངས།5421231990********   བོད་རིགས།  ཡིག་རྨོངས།   ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོངས་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་།  སྡོད་གནས་ནི་གོ་འཇོ་རྫོང་**ཤང་། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན།   2018ལོའི་ཟླ་6ཚེས་19ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས།

གྱོད་ཡ་དབང་ཆེ་གེ་མོ།    སྐྱེས་པ།     2000ལོའི་ཟླ་**ཚེས་**ཉིན་སྐྱེས།   ཐོབ་ཐང་ལག་ཁྱེར་ཨང་གྲངས།5421232000********   བོད་རིགས།  ཡིག་རྨོངས།   ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོངས་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་།  སྡོད་གནས་ནི་གོ་འཇོ་རྫོང་**ཤང་། རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན།   2018ལོའི་ཟླ་6ཚེས་19ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས།

          གྱོད་གཞི་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་རྗེས།   གྱོད་ཡ་དོན་ཆེ་གེ་མོ།བསོད་ཆེ་གེ་མོ་ཀ་པ།  བསོད་ཆེ་གེ་མོ་ཁ་པ།  དབང་ཆེ་གེ་མོ་བཅས་རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན།   2019ལོའི་ཟླ་11ཚེས་21ཉིན་ངེད་ཁང་དུ་ཞུ་གཏུག་བྱེད་པར་སྤོ་སྐྱེལ་བྱས།  ངེད་ཁང་གིས་བདག་སྤྲོད་བྱས་རྗེས།   2019ལོའི་ཟླ་11ཚེས་22ཉིན་གྱོད་ཡར་དག་འབུད་པ་བཀོད་མངགས་བྱེད་དབང་བརྗོད་ཡོད།  2019ལོའི་ཟླ་11ཚེས་22ཉིན་གནོད་འཚེ་ཕོག་མིའི་སསྤུན་མཆེད་ལ་གཏུག་བཤེར་ལས་ཚབ་པ་བཀོད་མངག་བྱེད་དབང་བརྗོད་ཡོད།   གྱོད་ཡར་འདྲི་རྩད་དང་གནོད་འཚེ་ཕོག་མིའི་བསམ་འཆར་ཉན་ཡོད།    གྱོད་གཞིའི་དཔྱད་གཞི་ཡོངས་ལ་ཞིབ་དཔྱད་བྱས་ཡོད།  གྱོད་དོན་རྙོག་དྲ་ཆེ་བས། 2019ལོའི་ཟླ་12ཚེས་21ཉིན་ཞུ་གཏུག་བྱེད་ཡུན་ནར་འགྱངས་བྱས། གྱོད་གཞི་དོན་དངོས་ཁ་མི་གསལ་དང་དཔང་རྟགས་མི་ཚང་བས། 2020ལོའི་ཟླ་1ཚེས་5ཉིན་རྟག་དཔྱད་ཁ་གསབ་བྱེད་པར་གྱོད་གཞི་ཐེངས་དང་པོ་ཕྱིར་སློག་བྱས། སྤྱི་བདེ་ལས་ཁུངས་ཀྱིས་2020ལོའི་ཟླ་2ཚེས་5ཉིན་ཡང་བསྐྱར་ཞུ་གཏུག་བྱས། 

          ཁྲིམས་ལྟར་ཞིབ་དཔྱད་བྱུང་གསལ།         གྱོད་ཡ་དོན་ཆེ་གེ་མོ། བསོད་ཆེ་གེ་མོ་ཀ་པ། བསོད་ཆེ་གེ་མོ་ཁ་པ་དང་གནོད་འཚེ་ཕོག་མི་ཚེ་ཆེ་གེ་མོ་བཅས་གོ་འཇོ་རྫོང་རྩེ་པ་ཤང་**གྲོང་ཚོའི་སྦི་ཏ་ཐིང་(ས་མིང་།)རུ་དབྱར་རྩ་དགུན་འབུ་འཐུ་སྐབས། དོན་ཆེ་གེ་མོ་དང་རྟ་ཁྲིད་ནས་**གྲོང་ཚོར་ལོག་པའི་རྡོ་ཆེ་གེ་མོ་དང་དེའི་གཅུང་པོ་དབང་ཆེ་གེ་མོ་ཐུག་སྐབས།  ས་མཚམས་རྒལ་ནས་དབྱར་རྩ་དགུན་འབུ་ཟཐུ་བའི་གནད་དོན་ལ་ཕན་ཚུན་ཁ་རྩོད་ཤོར་ནས་འཛིང་རེས་བྱས།  བསོད་ཆེ་གེ་མོ་ཀ་པ་དང་བསོད་ཆེ་གེ་མོ་ཁ་པ། ཚེ་ཆེ་གེ་མོ་བཅས་འཛིང་མོ་གཏུག་སར་སླེབས་རྗེས། ཕན་ཚུན་ཕྱོགས་གཉིས་ཀས་རྡོ་འཕེན་ནས་ཐག་ཉེ་སར་བཅར་ཡོད། དེ་རྗེས། གནོད་འཚེ་ཕོག་མི་རྡོ་ཆེ་གེ་མོས་བསོད་ཆེ་གེ་མོ་ཀ་པའི་སྒལ་པར་ སྟ་གྲི་གཅིག་རྒྱབ་པས་རྡོ་ཆེ་གེ་མོ་དེ་གར་འགྱེལ། གྱོད་ཡ་དོན་ཆེ་གེ་མོས་རང་གི་གཅུང་པོ་བསོད་ཆེ་གེ་མོ་ཀ་པ་ས་སྟེང་དུ་འགྱེལ་བ་མཐོང་བས། གྲི་ཁྱེར་ནས་གནོད་འཚེ་ཕོག་མི་རྡོ་ཆེ་གེ་མོའི་མགོ་སྟེང་དུ་གྲི་གཉིས་རྒྱབ།  ཟུར་དུ་ལངས་ཡོད་པའི་གྱོད་ཡ་བསོད་ཆེ་གེ་མོ་ཀ་པ་དང་བསོད་ཆེ་གེ་མོ་ཁ་པ་གཉིས་ཀྱིས་ཀྱང་རྡོ་ཆེ་གེ་མོར་རྡོ་རྒྱབ་པས་རྡོ་ཆེ་གེ་མོའི་དཔུང་རུས་གཡས་པ་ཆག་ནས་རི་ཟུར་ནས་མར་རིལ་བས་རྡོ་ཆེ་གེ་མོའི་གྲང་ངོས་གཡོན་པ་དང་མཆན་ཁུང་གཡོན་མ་བཅས་སུ་རྨས་སྐྱོན་གསུམ་ཐེབས་ཡོད། གྱོད་ར་དབང་ཆེ་གེ་མོས་རང་གི་གཅེན་པོ་རྡོ་ཆེ་གེ་མོ་འགྱེལ་བ་མཐོང་རྗེས། ཟོར་བ་ཁྱེར་ནས་གནོད་འཚེ་ཕོག་མི་ཚེ་ཆེ་གེ་མོས་རྒྱབ་པས། ཚེ་ཆེ་གེ་མོའི་ལག་གཡས་པར་རྨས་སྐྱོན་ཐེབས། ཚེ་ཆེ་གེ་མོ་ཡང་གྲི་ཁྱེར་ནས་དབང་ཆེ་གེ་མོར་ཕར་ལན་སློག་པས་དབང་ཆེ་གེ་མོའི་མགོ་སྟེང་སུ་རྨས་སྐྱོན་གཉིས་ཕོག་ནས་ས་སྟེང་དུ་འགྱེལ་ཡོད། གྱོད་ཡ་དོན་ཆེ་གེ་མོ། བསོད་ཆེ་གེ་མོ་ཀ་པ། བསོད་ཆེ་གེ་མོ་ཁ་པ། ཚེ་ཆེ་གེ་མོ་བཅས་ཀྱིས་ཕར་ཕྱོགས་ཀྱི་མི་གཉིས་འགྱེལ་བ་མཐོང་བས། ས་སྟེང་དུ་ལྷུང་བའི་སྟ་གྲི་དང་ཟོར་བ་ཁྱེར་ནས་བྲོས་ཡོད། རྡོ་ཆེ་གེ་མོ་དང་དབང་ཆེ་གེ་མོ་གཉིས་ནི་རྗེས་ནས་སླེབས་ཡོང་བའི་**གྲོང་ཚོའི་གྲོང་མིས་སྨན་བཅོས་བྱེད་པར་བསྐྱེལ་ཡོད། 

ཆོད་བསྡོམས་བྱས་པ་བརྒྱུད། གནོད་འཚེ་ཕོག་མི་རྡོ་ཆེ་གེ་མོའི་མགོ་སྟེང་གྱི་རྨས་སྐྱོན་དེ་རྨས་སྐྱོན་ཆུང་ཆུང་དང་གྲང་ངོས་གྱི་རྨས་སྐྱོན་དེ་རྨས་སྐྱོན་ཆུང་བ་རིམ་པ་གཉིས་པ་ཟིན་ཡོད། གནོད་འཚེ་ཕོག་མི་ཚེ་ཆེ་གེ་མོའི་ལག་གཡས་པའི་རྨས་སྐྱོན་དེ་རྨས་སྐྱོན་ཆུང་བ་རིམ་གཉིས་པ་ཟིན་ཡོད། གྱོད་ཡ་དབང་ཆེ་གེ་མོའི་མགོ་སྟེང་གྱི་རྨས་སྐྱོན་དེ་རྨས་སྐྱོན་ཆུང་ཆུང་ཡིན། 

གྱོད་ཡ་དོན་ཆེ་གེ་མོ། བསོད་ཆེ་གེ་མོ་ཀ་པ། བསོད་ཆེ་གེ་མོ་ཁ་པ་བཅས་ནི2019ལོའི་ཟླ་6ཚེས་19ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་སུ་མགོ་གཏགས།  གྱོད་ཡ་དབང་ཆེ་གེ་མོ་ནི་2019ལོའི་ཟླ་9ཚེས་26ཉིན་སྤྱི་བདེ་མི་སྣས་འབོད་འགུག་བཏང་བས་གྱོད་ཁོངས་སུ་ཚུད་ཡོད། གྱོད་ཡ་བཞི་ཡིས་རང་ཉིད་ཀྱི་ཉེས་གསག་དོན་དངོས་དྲང་པོར་བརྗོད་ཡོད། 

          གོང་གསལ་དོན་དངོས་ངེས་བཟུང་དཔང་རྟགས་གཤམ་གསལ།   

1.བོད་གྲི་གཉིས། སྟ་གྲི་གཅིག ཁྲག་འགོས་པའི་སྟོད་གོས་གཅིག   2.ཐེམ་ཐོའི་ངོ་སྤྲོད་ཡི་གེ ཉེས་དོན་འདུམ་འགྲིག་ཡི་གེ གྱོད་ཁོངས་སུ་ཚུད་པའི་གསལ་བཤད་ཡི་གེ དཔང་རྟགས་འདུ་ལེན་ཚིག་ཐོ་སོགས་ཀྱི་ཡིག་དཔང་།  3.གྱོད་ཡ་དོན་ཆེ་གེ་མོ། བསོད་ཆེ་གེ་མོ་ཀ་པ།  བསོད་ཆེ་གེ་མོ་ཁ་པ།  དབང་ཆེ་གེ་མོ་ཡི་ཞུ་ཚིག་དང་དག་བསེལ། 4.གནོད་འཚེ་ཕོག་མི་རྡོ་ཆེ་གེ་མོ། ཚེ་ཆེ་གེ་མོ་ཡི་ཞུ་ཚིག 5.མི་ལུས་རྨ་ཚད་ཆོད་བསྡོམས་ཆེ་གེ་གསུམ། 6ས་ཡུལ་དངོས་ཀྱི་སྐོར་ཞིབ། རྟག་དཔྱད། དབྱེ་འབྱེད་ངོས་འཛིན་ཚིག་ཐོ། 

  ངེད་ཁང་གིས་ངོས་འཛིན་ལྟར་ན། གྱོད་ཡ་དོན་ཆེ་གེ་མོ། བསོད་ཆེ་གེ་མོ་ཀ་པ།  བསོད་ཆེ་གེ་མོ་ཁ་པ་ཡིས་ཐུན་མོང་ཐོག་མི་གཞན་གྱི་མི་ལུས་ལ་རྨས་སྐྱོན་བཏང་བས། རྨས་སྐྱོན་ཆུང་བ་བཟོས་ཡོད། གྱོད་ཡ་གསུམ་གྱི་བྱ་སྤྱོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།དོན་ཚན་ཉི་ཤུ་རྩ་ལྔ དོན་ཚན་བརྒྱ་དང་སུམ་བཅུ་སོ་བཞིའི་ནང་གསེས་དང་པོའི་གཏན་ཕབ་ལས་འགལ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་པས། གྱོད་ཡ་གསུམ་གྱི་རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་དགོས་ངེས་ཡིན། གྱོད་ཡ་དབང་ཆེ་གེ་མོས་མི་གཞན་གྱི་མི་ལུས་ལ་རྨས་སྐྱོན་བཏང་བས། རྨས་སྐྱོན་ཆུང་བ་བཟོས་ཡོད་པའི་བྱ་སྤྱོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།དོན་ཚན་བརྒྱ་དང་སུམ་བཅུ་སོ་བཞིའི་ནང་གསེས་དང་པོའི་གཏན་ཕབ་ལས་འགལ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་པས། གྱོད་ཡ་དབང་ཆེ་གེ་མོར་རྐང་བཙུགས་ནས་མི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་དགོས་ངེས་ཡིན། གྱོད་ཡ་བཞི་ནི་རང་འགུལ་ངང་མགོ་བཏགས་ནས་རང་ཉིད་ཀྱི་ཉེས་གསག་དོན་དངོས་དྲང་པོར་བརྗོད་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།དོན་ཚན་དྲུག་བཅུ་རེ་བདུན་གྱི་ནང་གསེས་དང་པོའི་གཏན་ཕབ་གཞིར་བཟུང་།  མགོ་གཏགས་པའི་ཁོངས་སུ་གཏོགས་པས། ཁྲིམས་ཆད་གུ་ཡངས་སམ་ཆག་ཡངས་བཏང་ན་ཆོག   གྱོད་དོན་ལྷག་རྗེས། ཕྱོགས་གཉིས་བར་ཉེས་དོན་འདུམ་འགྲིག་གྲོས་ཡིག་འཇོག་ཟིན་ལ་གྱོང་གུན་ཁ་གསབ་སྤྲད་ཟིན་པས་གནོད་འཚེ་ཕོག་མིའི་བསམ་ཤེས་ཐུབ་ཡོད་པས་བབས་བསྟུན་ཡང་གཅོད་བྱས་ན་ཆོགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས།དོན་ཚན་བརྒྱ་དང་བདུན་བཅུ་དོན་དྲུག་གིས་ནང་གསེས་དང་པོའི་གཏན་ཕབ་གཞིར་བཟུང་།  གཞུང་གཏུག་བྱ་རྒྱ་ཡིན་པས།     ཁྲིམས་ལྟར་ཐག་གཅོད་ཡོད་པ་ཞུའུ། 

 

         བཅས།

གོ་འཇོ་རྫོང་མི་དམངས་ཁྲིམས་ཁང་།

 

 

 

ཞིབ་དཔྱོད་དཔོན།  ལྷག་རྒྱལ།

2020ལོའི་ཟླ་3ཚེས་3ཉིན། 

 

评论

成为第一个评论者

发表评论

评论

你的邮件地址不会公开. *表示必填

Top