贡觉县人民检察院
起 诉 书
贡检公刑诉〔2020〕18号
被告人阿某某、男,1996年**月**日出生,身份证号码5421231996********,藏族,文盲,务农,户籍地西藏贡觉县,住敏都乡**村,因涉嫌盗窃罪,经贡觉县公安局决定于2020年9月14日被取保候审。我院于2020年12月18日决定取保候审。
本案由贡觉县公安局侦查终结,以被告人阿某某涉嫌盗窃罪,于2020年12月16日向本院移送审查起诉。本院受理后,于2020年12月18日已告知被告人有权委托辩护人,12月21日已告知被告人认罪认罚可能导致的法律后果,2020年12月18日已告知被害人有权委托诉讼代理人,依法讯问了被告人,听取了被告人及其值班律师,被害人的意见,审查了全部案件材料。被告人阿某某同意本案适用速裁程序审理。
经依法审查查明:
2020年9月7日凌晨1时左右,被告人阿某某骑摩托车来到敏都乡至沙东乡公路工地。被告人阿某某走到工地帐篷门口掀起门帘进入工地帐篷,阿某某打开打火机上的电筒查看,发现工人已经熟睡,就开始实施盗窃,共偷走四部手机。随后阿某某跑回家里,将四部手机的电话卡取出扔掉将手机关机用布包起来藏于房子旁边的草堆里。
被告人阿某某于2020年9月14日被敏都乡派出所民警传唤时,如实供述其罪行。民警根据其供述已经追缴四部手机于2020年11月13日发还余军等四名被害人。
经鉴定,以上四部手机案发时的价值为2682.96元。
认定上述事实的证据如下:
1 户籍证明信、归案经过说明,证实被告人阿某某作案时已达到完全刑事责任年龄、被告人阿某某经公安机关传唤到案后如实供述。
2 被告人阿某某供述、被害人余某某、彭某某、候某某、陈某某的陈述、证人拉某某的证言,证实2020年被告人阿某某在敏都乡工地帐篷内盗取四部手机并藏于草堆的事实。
3 估价鉴定意见书1份,涉案四部手机照片,证实被盗手机案发时的价格为2682.96元及其颜色和外部特征。
4现场勘验检查笔录、指认辨认笔录,证实经被告人阿某某指认辨认,确认敏都乡至沙东乡工地为其做案地,民警在阿某某家里收缴的手机为其盗窃的赃物。
5听取被害人意见书,证实案发后,被害人对被告人阿某某的行为予以谅解,请求从宽处理。
本院认为,被告人阿某某以非法占有为目的,秘密窃取他人财物,价值2682.96元,数额较大,其行为触犯了《中华人民共和国刑法》第二百六十四条之规定,犯罪事实清楚,证据确实充分,应当以盗窃罪追究其刑事责任。被告人阿某某依法传唤后如实供述自己罪行,根据《中华人民共和国刑法》第六十七条第三款之规定,系坦白,可以从轻处罚。被盗物品已发还被害人,获得被害人谅解。对被告人阿某某建议单处罚金3000元人民币。根据《中华人民共和国刑事诉讼法》第一百七十六条第二款的规定,提起公诉,请依法判处。
此致
贡觉县人民法院
副检察长:周鹏超
2020年12月24日
གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་
ཞུ་གཏུག་ཡི་གེ
གོ་ཞིབ་གཞུང་ཉེས་གཏུག་【2020】ཡིག་ཨང་18
གྱོད་ཡ་ཨ་ཆེ་གེ་མོ། སྐྱེས་པ། 1996ལོའི་ཟླ་**ཚེས་**ཉིན་སྐྱེས ཐོབ་ཐང་ལག་ཁྱེར་ཨང་གྲངས། 5421231996******** བོད་རིགས། ཡིག་རྨོངས། ཐེམ་ཐོ་གནས་ཡུལ་ནི་བོད་རང་སྐྱོངས་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། སྡོད་གནས་ནི་སྨིན་མདོ་ཤང་**གྲོང་ཚོ། རྐུ་རྒྱག་པའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན། 2020ལོའི་ཟླ་9ཚེས་14ཉིན་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་རྐང་ཉར་བྱས། 2020ལོའི་ཟླ་12ཚེས་18ཉིན་ ངེད་ཁང་གི་ཁག་ཁྱེར་བཀའ་སྒུག་གཏན་འཁེལ་བྱས།
གྱོད་གཞི་འདི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཇུག་སྒྲིལ་རྗེས། གྱོད་ཡ་ཨ་ཆེ་གེ་མོ་ཡིས་རྐུ་རྒྱག་པའི་ནག་ཉེས་ལ་དོགས་གཞི་ཡོད་རྐྱེན། 2020ལོའི་ཟླ་12ཚེས་16ཉིན་ངེད་ཁང་དུ་ཞུ་གཏུག་བྱེད་པར་སྤོ་སྐྱེལ་བྱས། ངེད་ཁང་གིས་བདག་སྤྲོད་བྱས་རྗེས། 2020ལོའི་ཟླ་12ཚེས་18ཉིན་གྱོད་ཡར་དག་འབུད་པ་བཀོད་མངགས་བྱེད་དབང་དང་གྱོར་ཡར་ནག་ཉེས་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་ན་ཕལ་ཆེར་ཐོན་སྲིད་པའི་བཅའ་ཁྲིམས་མཇུག་འབྲས་བརྗོད་ཡོད། 2020ལོའི་ཟླ་12ཚེས་18ཉིན་གནོད་འཚེ་ཕོག་མིར་གཏུག་བཤེར་ལས་ཚབ་པ་བཀོད་མངགས་བྱེད་དབང་བརྗོད་ཡོད། ཁྲིམས་ལྟར་གྱོད་ཡར་འདྲི་རྩད་བྱས་ཡོད། གྱོད་ཡ་དང་ཁྲིམས་རྩོད་ལས་རེས་པ། གནོད་འཚེ་ཕོག་མི་བཅས་ཀྱི་བསམ་འཆར་ཉན་ཡོད། གྱོད་གཞིའི་དཔྱད་གཞི་ཡོངས་ལ་ཞིབ་དཔྱད་བྱས་ཡོད། གྱོད་ཡས་གྱོད་གཞི་འདི་མྱུར་གཅོད་བྱ་རིམ་སྤྱད་དེ་འདྲི་ཞིབ་བྱེད་པར་ཁས་ལེན་བྱས་ཡོད།
ཁྲིམས་ལྟར་ཞིབ་དཔྱད་བྱུང་གསལ།
2020ལོའི་ཟླ་9ཚེས་7ཉིན་མཚན་མོ་ཆུ་ཚོད་1གཡས་གཡོན་དུ། གྱོད་ཡ་ཨ་ཆེ་གེ་མོས་འཕྲུལ་རྟ་གཞོནནས་སྨིན་མདོ་ནས་གསེར་ཐང་ཤང་བར་གྱི་གཞུང་ལམ་ལས་ཡུལ་དུ་སླེབས། གྱོད་ཡ་ཨ་ཆེ་གེ་མོས་ལས་ཡུལ་གུར་གྱི་སྒོ་འགྲམ་དུ་ཕྱིན་ནས་སྒོ་ཡོལ་ཕྱེ་ནས་ལས་ཡུལ་གྱི་གུར་ནང་འཛུལ། ཨ་ཆེ་གེ་མོས་མེ་ཆའི་སྟེང་གི་གློག་སྒྲོན་ཕྱེ་ནས་ལྟ་ཞིབ་བྱས། བཟོ་པ་གཉིད་ཁུག་པ་མཐོང་ནས་རྐུ་རྒྱག་འགོ་ཙུགས། ཁྱོན་བསྡོམས་ཁ་པར་བཞི་བརྐུས། དེ་རྗེས་ཨ་ཆེ་གེ་མོས་ཁྱིམ་དུ་བྲོས་ནས་ལག་ཐོགས་ཁ་པར་བཞིའི་ཁ་པར་གཱ་བླངས་ཏེ་དབྱུགས་ནས་ལག་ཐོགས་ཁ་པར་ཁ་བཀག་ནས་རས་གི་བཏུམ་ནས་ཁང་པའི་འགྲམ་གྱི་རྩྭ་གསེབ་རུ་བཅུག་ཡོད།གྱོད་ཡ་ཨ་ཆེ་གེ་མོ་2020ལོའི་ཟླ་9ཚེས་14ཉིན། སྨིན་མདོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འབོད་འགུགས་བྱེད་སྐབས་། གྱོས་ཡས་རང་མོས་ངང་རང་ཉིད་ཀྱི་ཉེས་གསག་དོན་དངོས་དྲང་པོར་བརྗོད་ཡོད། གྱོད་ཡ་ཨ་ཆེ་གེ་མོ་ཡི་ཞུ་ཚིག་རྒྱུད་སླག་པའི་ཁ་པར་བཞི་པོ་དེ་2020ལོའི་ཟླ་11ཚེས་13ཉིན་གནོད་འཚེ་ཕོག་མཁན་ལ་ཕྱིར་སློག་བྱས་པ་རེད།
ཆོད་བསྡོམས་བྱས་པ་བརྒྱུད། གོང་གསལ་གྱི་ཁ་པར་བཞི་དེ་གྱོད་དོན་ལྷག་སྐབས་གོང་ཚད་སྒོར་2682.96ཡིན།
གོང་གསལ་དོན་དངོས་ངེས་བཟུང་དཔང་རྟགས་གཤམ་གསལ།
1. ཐེམ་ཐོའི་ལག་ཁྱེར་དང་ཁྲིམས་ནང་ཚུད་པའི་རྒྱུད་རིམ་ཡིས་གསལ་བཤད་བྱས་ཡོད། གྱོད་ཡ་ཨ་ཆེ་གེ་མོ་ཡིས་ནག་ཉེས་གསོག་སྐབས་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་ཡོངས་སུ་སླེབས་པ་ར་སྤྲོད་བྱས་ཡོད། གྱོད་ཡ་ཨ་ཆེ་གེ་མོ་ཡི་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་འབོད་འགུགས་བྱས་རྗེས་རང་ཉིད་གྱིས་ཇེས་གསག་དྲང་པོར་བཤད་ཡོད།
2. གྱོད་ཡ་ཨ་ཆེ་གེ་མོ་ཡི་ཞུ་ཚིག་དང་། གནོད་འཚེ་ཕོག་མཁན་ཡུལ་ཆེ་གེ་མོ ། ཕི་ཆེ་གེ་མོ ། ཧའུ་ཆེ་གེ་མོ ། ཁྲན་ཆེ་གེ་མོ་ཀྱི་ཞུ་ཚིག། དཔང་མི་ལྷ་ཆེ་གེ་མོ་ཀྱི་ཞུ་ཚིག་ཡིས་2020ལོའི་ཟླ་9ཚེས་7ཉིན་ གྱོད་ཡ་ཨ་ཆེ་གེ་མོ་གིས་སྨིན་མདོ་ཤང་གི་ལས་ཡུལ་གྱི་གུར་ནང་ནས་ལག་ཐོགས་ཁ་པར་ཞིབ་བརྐུས་ནས་ཁང་པའི་འགྲམ་རྩྭ་གསེབ་རུ་བཅུག་པའི་དོན་དངོས་ར་སྤྲོད་བྱས།
3. རིན་གོང་ཚོད་རྩིས་ཀྱི་ཆོད་བསྡོམས་བསམ་འཆར་ཡི་གེ་1དང། གྱོད་གཞི་དང་འབྲེལ་བ་ཡོད་པའི་ལག་ཐོགས་ཁ་པར་གྱི་འདྲ་པར་བཞི་ཡིས་གྱོད་གཞི་ཐོན་སྐབས་ལག་ཐོགས་ཁ་པར་གྱི་གོང་ཚད་སྒོར་2682.96དང་དེའི་ཁ་དོག་དང་ཕྱིའི་ཁྱད་ཆོས་ར་སྤྲོད་བྱས་ཡོད།
4. ས་ཡུལ་དངོས་ཀྱི་སྐོར་ཞིབ་ཚིག་ཐོ་དབྱེ་འབྱེད་ངོས་འཛིན་ཚིག་ཐོ་ཡིས་གྱོད་ཡ་ཨ་ཆེ་གེ་མོ་ཡིས་སྨིན་མདོ་ཤང་ནས་གསེར་ཐང་ཤང་བར་གྱི་ལས་ཡུལ་གྱི་ས་ཆ་དེ་ཉེས་གསོག་ཀྱི་ས་ཆ་ཡིན་པ་ངོས་འཛིན་བྱས་ མི་དམངས་ཉེན་རྟོག་པས་ཨ་ཆེ་གེ་མོ་ལག་ནས་བླངས་པའི་ལག་ཐོགས་ཁ་པར་བཞི་དེ་བརྐུས་པའི་བརྐུས་དངོས་ཡིན་པ་ངོས་འཛིན་བྱས།
5. གནོད་འཚེ་འཕོག་མཁན་གྱི་བསམ་འཆར་ཉན་པའི་ཡི་གེ། གནས་ཚུལ་ལྷག་རྗེས་གནོད་འཚེ་འཕོག་མིའི་བསམ་ཤེས་ཐོབ་ཡོད་དེ་ཐག་གཅོད་གུ་ཡངས་ཡོང་བའི་རེ་འདུན་ཞུས་།
ངེད་ཁང་གིས་ངོས་འཛིན་ལྟར་ན། གྱོད་ཡ་ཨ་ཆེ་གེ་མོས་ཁྲིམས་འགལ་གྱི་བདག་བཟུང་བྱ་རྒྱུ་དམིགས་ཡུལ་སུ་འཛིན་ནས། མི་གཞན་གྱི་རྒྱུ་ནོར་གསང་བའི་ཐོག་ནས་རྐུས། གོང་ཚད་2682.96 ཟིན་ཡོད། གྲངས་འབོར་ཅུང་ཆེ་བ་ཡིན་དེའི་བྱ་སྤྱོད་དེ་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》 དོན་ཚན་ཉི་བརྒྱ་དྲུག་བཅུ་རེ་བཞིའི་གཏན་ཕབ་ལས་འགལ་ཡོད། ཉེས་གསག་དོན་དངོས་ཁ་གསལ་ལ་དཔང་རྟགས་ཆ་ཚང་ཞིང་ཁུངས་བཙན་པས། རྐུ་རྒྱག་པའི་ནག་ཉེས་ཀྱི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་དགོས་ངེས་ཡིན། གྱོད་ཡ་ཨ་ཆེ་གེ་མོ་ཡིས་ནག་ཉེས་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས།》དོན་ཚན་དྲུག་བཅུ་རེ་བདུན་ནང་ཚན་སུམ་པ་གཏན་ཕབ་གཞིར་བཟུང་། དྲང་པོར་བརྗོད་པའི་ཁོངས་སུ་གཏོགས་པས་ཁྲིམས་ཆད་ཡང་གཅོད་བྱས་ན་ཆོག། རྐུས་པའི་ཁ་པར་ཕྱིར་སློག་བྱས་པས་གནོད་འཚེ་ཕོག་མིའི་བསམ་ཤེས་ཐོབ་ཡོད། གྱོད་ཡ་ཨ་ཆེ་གེ་མོ་ལ་དངུལ་ཆད་མི་དམངས་ཤོག་སྒོར་3000ཡི་ཉེས་གཅོད་བསམ་འཆར་འདོན་རྒྱུ་ཡིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས།》 དོན་ཚན་བརྒྱ་དང་བདུན་བཅུ་དོན་དྲུག་གིས་ནང་གསེས་གཉིས་པའི་གཏན་ཕབ་གཞིར་བཟུང་། གཞུང་གཏུག་བྱ་རྒྱ་ཡིན་པས། ཁྲིམས་ལྟར་ཐག་གཅོད་ཡོད་པ་ཞུའུ།
བཅས།
གོ་འཇོ་རྫོང་མི་དམངས་ཁྲིམས་ཁང་།
ཞིབ་དཔྱོད་དཔོན། ཀྲའུ་ཧྥང་ཁྲའོ།
2020ལོའི་ཟླ་12ཚེས་24ཉིན།
评论
成为第一个评论者
发表评论
评论